ཧེ་ཐིའི་སྲིད་གཞུང་གིས་རྒྱལ་སའི་ཁུལ་ཁོངས་སུ་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
2024.03.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཧེ་ཐིའི་སྲིད་གཞུང་གིས་ཚེས་གསུམ་ཉིན་གྱི་དགོང་མོར་སྤྱི་སྒྲོག་སྤེལ་ཏེ། རྒྱལ་སྲས་གྲུ་ཁ་ཡོད་སའི་ནུབ་ཕྱོགས་ཞིང་ཆེན་ནས་དུས་ཚོད་དོན་གཉིས་རིང་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། དེའི་ཞོར་དུ་ཁྲིམས་བསྟར་ལས་ཁུངས་ཀྱིས་མཚན་མགྲོན་འགོག་པའི་བྱེད་ཐབས་སྤྱད་ནས། ས་དེའི་བདེ་འཇགས་སྒྲིག་ལམ་སླར་གསོ་བྱེད་རྒྱུ་རེད།

ཧེ་ཐིའི་སྲིད་གཞུང་གི་སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་ས་རྒྱལ་སྲས་གྲུ་ཁའི་རྒྱལ་ཁབ་བཙོན་ཁང་དང་རྒྱལ་སྲས་གྲུ་ཁའི་ཉེ་འདབས་ཀྱི་ཁི་ལུའུ་ཝ་ཏི་པུའུ་ཁའེ་བཙོན་ཁང་ལ་ཚེས་གཉིས་ཉིན་གྱི་དགོང་མོ་ནས་བཟུང་དྲག་ཆས་ཚོགས་ཁག་གི་འཇབ་རྒོལ་ཐེབས་ཏེ། ཉེན་རྟོག་པ་དང་བཙོན་ཁང་གི་ལས་བྱེད་མི་སྣར་ཤི་རྨས་བཟོས་པ་དང་། བཙོན་མ་མང་བོ་བྲོས་བྱོལ་བྱས་ཡོད་ཟེར།

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འཇབ་རྒོལ་དེ་ལས་ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། བཙོན་མ་སྟོང་ཕྲག་འགའ་བྲོས་བྱོལ་བྱས་ཡོད་ཟེར།

ཟླ་གཉིས་པའི་ཚེས་ཉེར་དགུ་ཉིན་ནས་བཟུང་། ཧེ་ཐིའི་ནག་ཚོགས་རྩ་འཛུགས་མང་བོས་རྒྱལ་སའི་ཉེན་རྟོག་ཅུའུ་དང་ཉེན་རྟོག་སློབ་གླིང་། རྒྱལ་སྤྱིའི་གནམ་གྲུ་ཐང་སོགས་སྤྱི་བའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་ཏེ། ཧེ་ཐིའི་ཙུང་ལི་ཨ་ལི་ཨེ་ཨར་ཧིན་ལེ་ཡིས་ལས་འགན་བསྐྱུར་དགོས་པའི་རེ་བ་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།