མཉམ་འབྲེལ་སྲིད་གཞུང་གསར་བ་རྩ་འཛུགས་བྱས་ནས་ཉིན་གཉིས་འགོར་རྗེས། ནེ་པཱ་ལཱའི་ཙུང་ལི་ཕུའུ་ལཱ་ཁྲང་ཏཱ་ཡིས་ཚེས་དྲུག་ཉིན་སྲིད་འཛིན་ལས་ཁུངས་རྒྱ་བསྐྱེད་བྱས་ཏེ། སྲིད་ཏང་བཞི་ནས་ཡོང་བའི་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མི་བཅུ་དྲུག་ཁ་སྣོན་བྱས།
ནེ་པཱ་ལཱའི་ཙུང་ཐུང་བཞུགས་ཤག་གིས་ཚེས་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཙུང་ལི་གཞོན་པ་གསུམ་དང་བཅས་པའི་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མི་བཅུ་དྲུག་གིས་ཉིན་དེར་དམ་བཅའ་བཞག་སྟེ་ལས་འགན་ཁུར། ཕུའུ་ལཱ་ཁྲང་ཏཱ་ཡིས་ཉིན་དེར་ད་རུང་ཉིན་གཉིས་ཀྱི་ཡར་སྔོན་ལས་འགན་ཁུར་བའི་པུའུ་ཀྲང་གསུམ་ལ་བྱེ་བྲག་གི་ལས་འགན་བགོས་པ་རེད།
ནེ་པཱ་ལཱའི་ཙུང་ཐུང་བཞུགས་ཤག་གི་གསལ་སྒྲོག་ལྟར་ན། ཕུའུ་ལཱ་ཁྲང་ཏཱ་ཡིས་མགོ་ཁྲིད་པའི་ནེ་པཱ་ལཱའི་གུང་ཁྲན་ཏང་གི་ནཱ་ལཱ་དབྱང་ཁཱ་ཅི་ཧྲི་ལོས་སི་ཐཱ་ཡིས་ཙུང་ལི་གཞོན་པའམ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་ཡོད། ཉིས་སྟོང་ཉེར་གསུམ་ལོའི་ཟླ་དང་པོར་རྒྱལ་ཁོངས་གནད་དོན་དབང་གིས་ཙུང་ལི་གཞོན་པ་དང་ནང་སྲིད་པུའུ་ཀྲང་གི་ལས་འགན་ཤོར་བའི་མི་རིགས་སྒེར་ཚུགས་ཏང་གི་ཀྲུའུ་ཞི་ལཱ་པུས་ལཱ་མུའ་ཆཱ་ཨིན་སྔོན་གྱི་ལས་གནས་སུ་ཕྱིར་ལོག་ནས་ཙུང་ལི་གཞོན་པའམ་ནང་སྲིད་པུའུ་ཀྲང་གི་འགན་ཁུར་བ་རེད།
ནེ་པཱ་ལཱའི་མཉམ་འབྲེལ་གུང་ཁྲན་ཏང་ནི་མིག་སྔར་མཉམ་འབྲེལ་སྲིད་གཞུང་གི་ལག་བསྟར་གྲོགས་པོ་གཞན་ཞིག་ཡིན་པ་དང་། ནེ་པཱ་ལཱའི་གུང་ཁྲན་ཏང་གི་མགྲིན་ཚབ་པ་ཨ་ཀི་ནེ་སཱ་ཕུའུ་ཁི་ཐཱ་ཡིས་སྨྱན་བྱད་ལ་བཤད་རྒྱུར། མཉམ་འབྲེལ་སྲིད་གཞུང་གསར་བས་སྔར་བཞིན་སྲིད་ཏང་གཞན་པ་མཉམ་འབྲེལ་སྲིད་གཞུང་ནང་ཞུགས་པའི་བྱ་བར་གྲོས་བསྡུར་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།