ཧེ་ཐིའི་སྲིད་གཞུང་གིས་ཚེས་བདུན་ཉིན་སྤྱི་སྒྲོག་སྤེལ་ཏེ། རྒྱལ་ས་རྒྱལ་སྲས་གྲུ་ཁ་ཡོད་སའི་ནུབ་ཕྱོགས་ཞིང་ཆེན་དུ་བྲེལ་མྱུར་དོགས་ཟོན་བྱེད་ཐབས་ལག་བསྟར་བྱེད་པའི་ཡུན་ཚད་ཟླ་བཞི་བའི་ཚེས་གསུམ་ཉིན་བར་ཇེ་རིང་དུ་གཏོང་རྒྱུ་ཡིན་པ་དང་། དེའི་ཞོར་དུ་ཁྲིམས་བསྟར་ལས་ཁུངས་ཀྱིས་མུ་མཐུད་དུ་མཚན་མགྲོན་འགོག་པའི་བྱེད་ཐབས་ལག་བསྟར་བྱས་ནས། ས་དེའི་བདེ་འཇགས་སྒྲིག་ལམ་སླར་གསོ་བྱེད་རྒྱུ་ཡིན་ཟེར།
ཧེ་ཐིའི་སྲིད་གཞུང་གིས་སྤྱི་སྒྲོག་ལས་བཤད་རྒྱུར། བྲེལ་མྱུར་དོགས་ཟོན་བྱེད་ཐབས་ལག་བསྟར་བྱེད་སྐབས་ནུབ་ཕྱོགས་ཞིང་ཆེན་གྱི་སྤྱི་བའི་གཞུང་ལམ་སྟེང་རྔམ་སྟོན་ཁྲོམ་སྐོར་བྱེད་པ་གཏན་འགོགས་བྱེད་རྒྱུ་ཡིན་ལ། དེའི་ཞོར་དུ་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་མཐུན་གྱི་བྱེད་ཐབས་གང་རུང་སྤྱད་དེ་མཚན་མགྲོན་བཀག་འགོག་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།