ཧི་ལི་ཧྥུང་གིས་ཧྥ་རན་སིའི་དཔལ་འབྱོར་དང་ནོར་སྲིད་པུའུ་ཀྲང་ལེ་མཱེ་ཨར་དང་མཉམ་དུ་བརྙན་རིས་གྲོས་མོལ་བྱས།
2024.03.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཀྲུང་གོ་དང་ཧྥ་རན་སིའི་མཐོ་རིམ་དཔལ་འབྱོར་ནོར་སྲིད་གྲོས་མོལ་གྱི་ཀྲུང་གོའི་སྣེ་ཁྲིད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལི་ཧྥུང་གིས་ཚེས་བརྒྱད་ཉིན་དུས་བཅད་ལྟར་ཧྥ་རན་སིའི་སྣེ་ཁྲིད་པ། ཧྥ་རན་སིའི་དཔལ་འབྱོར་དང་ནོར་སྲིད། བཟོ་ལས། གཞི་གྲངས་བཅས་གཙོ་གཉེར་པུའུ་ཡི་པུའུ་ཀྲང་ལེ་མཱེ་ཨར་དང་བརྙན་རིས་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་དང་ཀྲུང་གོ་དང་ཧྥ་རན་སིའི་དཔལ་འབྱོར་ནོར་སྲིད་གྲོས་མོལ་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས།

ཧི་ལི་ཧྥུང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབས་བྱས་ཤིང་། ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བ་གོ་སྐབས་སུ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དཔལ་འབྱོར་ནོར་སྲིད་གྲོས་མོལ་ལ་ཤུགས་སྣོན་པ་དང་། རླངས་འཁོར་དང་མཁའ་འགྲུལ། གློག་འཕྲིན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས། ཀྲུང་གོ་དང་ཧྥ་རན་སིའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལེ་མཱེ་ཨར་གྱིས་བསྟན་དོན། ཧྥ་རན་སིའི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་བྱས་ནས། ཧྥ་རན་སི་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྒུལ་ནུས་གསར་བ་སྣོན་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།