ལཱ་ཐའོ་ཝེ་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ལཱ་ཐའོ་ཝེ་ཡཱའི་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་ཞིང་ཞོར་ཐོན་རྫས་དང་གཟན་ཆས་ཐོན་རྫས་སྐོར་ཞིག་གི་ནང་འདྲེན་གཏན་འགོག་བཀའ་རྒྱ་དེ་ཚེས་བརྒྱད་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་མགོ་བརྩམས།
བསྒྲགས་པ་ལྟར་ན། ལཱ་ཐའོ་ཝེ་ཡཱའི་ཞིང་ལས་པུའུ་ཡིས་གཏན་འབེབས་བྱས་ཏེ་སྲིད་འཛིན་ལས་ཁུངས་ཀྱི་ཆོག་མཆན་བཀོད་པའི་ལཱ་ཐའོ་ཝེ་ཡཱའི་ཞིང་ཞོར་ཐོན་རྫས་དང་གཟན་ཆས་ཐོན་རྫས་ནང་འདྲེན་གཏན་འགོག་བྱེད་པའི་སྲོལ་ཡིག་ལྟར་ན། ལཱ་ཐའོ་ཝེ་ཡཱ་ཡིས་ཚེས་བརྒྱད་ཉིན་ནས་བཟུང་ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་ནས་ནང་འདྲེན་སྲོལ་ཡིག་ནང་བཞག་པའི་སྔོ་ཚལ་དང་སིལ་ཏོག འབྲུ་རིགས་སོགས་ཞིང་ཞོར་ཐོན་རྫས་དང་གཟན་ཆས་ཐོན་རྫས་ནང་འདྲེན་བྱེད་པར་གཏན་འགོག་བྱེད་རྒྱུ་ཡིན་ལ། རྒྱལ་ཁབ་གཞན་པ་ནས་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་འབྲེལ་ཡོད་ཐོན་རྫས་ནང་འདྲེན་བྱེད་པར་ཡང་གཏན་འགོག་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།