ཀྲ་ཨར་ཏཱ་ལི་ཐེངས་གཉིས་པར་ཕཱ་ཁི་སི་ཐན་གྱི་ཙུང་ཐུང་དུ་བདམས་ཐོན་བྱུང་།
2024.03.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཕཱ་ཁི་སི་ཐན་གྱིས་ཚེས་དགུ་ཉིན་སྐོར་ཐེངས་གསར་བའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། མི་དམངས་ཏང་མཉམ་འབྲེལ་གྱི་ཀྲུའུ་ཞི་ཀྲ་ཨར་ཏཱ་ལི་བདམས་ཐོན་བྱུང་། དེ་ནི་ཀྲ་ཨར་ཏཱ་ལི་ཐེངས་གཉིས་པར་ཕཱ་ཁི་སི་ཐན་གྱི་ཙུང་ཐུང་དུ་བདམས་པ་རེད།

ཕཱ་ཁི་སི་ཐན་གྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། ཕཱ་ཁི་སི་ཐན་གྱི་ཙུང་ཐུང་དེ་གྲོས་ཁང་ཞོལ་མ་དང་གྲོས་ཞུགས་ཁང་། ཞིང་ཆེན་གྱི་གྲོས་ཁང་བཞི་བཅས་ཀྱི་གྲོས་མིས་མིང་མི་འབྲི་བར་འདེམ་ཤོག་འཕེན་པའི་ཐབས་ཀྱིས་འདེམ་བསྐོ་བྱེད་དགོས་པ་དང་། འདེམ་ཤོག་མང་ཤོས་ཐོབ་མཁན་དེ་མྱུར་མོར་བདམས་ཐོན་འབྱུང་བ་ཡིན།

ཉིན་དེའི་འདེམ་བསྐོའི་བྱ་འགུལ་ལ་ཕཱ་ཁི་སི་ཐན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་དང་ལྟ་རྟོག་བྱས། འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་འདེམ་ཤོག་ཐོ་འགོད་མཇུག་འབྲས་ལྟར་ན། ཀྲ་ཨར་ཏཱ་ལི་ལ་འདེམ་ཤོག་བཞི་བརྒྱ་དང་བཅུ་གཅིག་ཐོབ་ཡོད་བདམས་ཐོན་བྱུང་བ་དང་། ཞོང་ནེ་ཕྱོགས་ཁག་མཐུན་སྒྲིལ་ཨུ་ཡོན་ལྷན་ཁང་སོགས་ཏང་ཁག་དང་སྒེར་ཚུགས་ཀྱི་གྲོས་མིས་མཚམས་སྦྱོར་བྱས་པའི་ཕུའུ་ཧྲི་ཐུའུ་མི་རིགས་མི་དམངས་ཏང་གི་ཀྲུའུ་ཞི་ཨ་ཁྲ་ཁི་ཀྲ་དབྱེ་ལ་འདེམ་ཤོག་བརྒྱ་དང་གྱ་གཅིག་ཐོབ་ཡོད། འདེམ་ཤོག་འཕེན་པའི་བྱ་འགུལ་མགོ་མ་བརྩམས་གོང་། དབྱི་སི་ལན་མཁས་པའི་ཚོགས་པ་དང་དབྱི་སི་ལན་སྐུལ་འདེད་ཚོགས་པས་སོ་སོར་ཏང་ཁག་གཉིས་ཀྱི་གྲོས་མི་ཚང་མས་འདེམ་བསྐོའི་དབང་ཆ་བསྐྱུར་བ་ཁྱབ་བསྒྲགས་བྱས།

ཀྲ་ཨར་ཏཱ་ལི་བདམས་ཐོན་བྱུང་རྗེས། ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་ཡིས་ཁོར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཀྲ་ཨར་ཏཱ་ལི་ནི་གཅིག་སྟོང་དགུ་བརྒྱ་ང་ལྔ་གོར་སྐྱེས་པ་དང་། ཕཱ་ཁི་སི་ཐན་སྔོན་ཆད་ཀྱི་ཙུང་ལི་པའེ་པུའུ་ཐའོ་ཡི་ཁྱོ་ཀ་ཡིན་ལ། ཉིས་སྟོང་བརྒྱད་ལོའི་ཟླ་དགུ་བ་ནས་ཉིས་སྟོང་བཅུ་གསུམ་ལོའི་ཟླ་དགུ་བའི་བར་ཕཱ་ཁི་སི་ཐན་གྱི་ཙུང་ཐུང་གི་འགན་ཁུར་མྱོང་།


བསོད་ནམས་ཚེ་རིང་གིས་བསྒྱུར།