ཧང་ག་རི་ཡིས་ཙུང་ཐུང་གསར་བས་ལས་འགན་ཁུར་བའི་མཛད་སྒོ་བསྡུས།
2024.03.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཧང་ག་རིའི་གསར་དུ་བདམས་ཐོན་བྱུང་བའི་ཙུང་ཐུང་ཧྲུའུ་ཡུག་ཁི་ཡིས་ལས་འགན་ཁུར་བའི་མཛད་སྒོ་དེ་ཚེས་བཅུ་ཉིན་པུའུ་ཏཱ་ཕའེ་སིའི་ཙུང་ཐུང་བཞུགས་ཤག་གི་ཧྲན་ཏའོ་ཨར་ཕོ་བྲང་ནས་བསྡུས།

ཧྲུའུ་ཡུག་ཁི་ཡིས་ལས་འགན་ཁུར་བའི་མཛད་སྒོའི་སྟེང་བསྟན་དོན། ཁོས་རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་ཁྲིམས་སྐྱོང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་དང་། དབང་ཆ་ཡོད་ཚད་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་འགྲེལ་བརྗོད་བྱེད་དགོས་པ་དང་། གཞི་རྩའི་བཅའ་ཁྲིམས་ནི་རང་གི་བྱ་བའི་རྨང་རྡོ་དང་སྒྲོམ་གཞི། ཚད་གཞི་བཅས་ཡིན་ཟེར།

ཧྲུའུ་ཡུག་ཁི་གཅིག་སྟོང་དགུ་བརྒྱ་ང་དྲུག་ལོར་སྐྱེས་པ་དང་། ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་ཧང་ག་རིའི་རྩ་ཁྲིམས་ཁྲིམས་ཁང་གི་ཁྲིམས་དཔོན་གྱི་འགན་ཁུར་མྱོང་།


བསོད་ནམས་ཚེ་རིང་གིས་བསྒྱུར།