ཕཱ་ཁི་སི་ཐན་གྱི་གསར་དུ་བདམས་པའི་ཙུང་ཐུང་ཀྲ་ཨར་ཏཱ་ལི་ཡིས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་ཕཱ་ཁི་སི་ཐན་གྱི་རྒྱལ་ས་དབྱེ་སི་ལན་པའོ་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
ཕཱ་ཁི་སི་ཐན་གྱི་ཆེས་མཐོའི་ཁྲིམས་ཁང་གི་དབུ་བཞུགས་ཁྲིམས་དཔོན་ཆེན་མོ་དབྱེ་སཱ་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བའི་མཛད་སྒོར་མགོ་འཛིན་བྱས། ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་དང་། གྲོས་ཁང་ཞོལ་མའི་གྲོས་དཔོན་སཱ་ཏིས་ཁི། སྔོན་ཆད་ཀྱི་ཙུང་ཐུང་ཨ་ཨར་ཝེ། སྐམ་དམག་གི་ཇུས་འདོན་དཔོན་པོ་མུའུ་ནེ་ཨར། མི་དམངས་ཏང་གི་ཀྲུའུ་ཞི་པུས་ལཱ་ཝ་ཨར་སོགས་མཛད་སྒོར་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།