ལོ་ཧྲིལ་བོའི་འཆར་གཞི་དང་ཕྱོགས་སོ་སོས་བཀོད་པའི་ཐུན་མོང་ལྟ་ཚུལ་ལྟར་ན། ཀྲུང་གོ་དང་དབྱི་ལིང་། ཨུ་རུ་སི་བཅས་རྒྱལ་ཁབ་གསུམ་གྱི་མཚོ་དམག་གིས་ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅོ་ལྔ་ཉིན་བར་ཉིས་སྟོང་ཉེར་བཞི་ལོའི་བདེ་འཇགས་སྦྲེལ་ཐག་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་པ་དང་། དམག་དོན་སྦྱོང་བརྡར་དེ་ཨ་མན་མཚོ་ཁུགས་ཉེ་འདབས་ནས་རྩ་འཛུགས་ལག་བསྟར་བྱེད་རྒྱུ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་སྐོར་ཐེངས་ཞེ་ལྔ་བའི་འགེབས་སྲུང་གྲུ་གཟིངས་རུ་ཁག་གི་འཕུར་མདའི་མཐར་སྐྲོད་གྲུ་གཟིངས་ཝུའུ་ལུའུ་མུའུ་ཆི་རྟགས་ཅན་དང་འཕུར་མདའི་འགེབས་སྲུང་གྲུ་གཟིངས་ལིན་དབྱེ་རྟགས་ཅན། ཕྱོགས་བསྡུས་མཁོ་སྒྲུབ་གྲུ་གཟིངས་ཏུང་ཕེང་མཚོ་མོ་རྟགས་ཅན་བཅས་དམག་དོན་སྦྱོང་བརྡར་ལ་མངག་གཏོང་བྱེད་རྒྱུ་ཡིན་ལ། དེའི་དམིགས་ཡུལ་ནི་མཉམ་དུ་ས་ཁུལ་གྱི་མཚོ་ཐོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཆེད་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།