རོ་མཱ་ནི་ཡཱའི་ཙུང་ཐུང་གིས་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོར་འགྲན་རྩོད་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
2024.03.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

རོ་མཱ་ནི་ཡཱའི་ཙུང་ཐུང་ཡའོ་ཧན་ནེ་སི་ཡིས་ཚེས་བཅུ་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ནུབ་ཀྱི་རྒྱ་མཚོ་ཆེན་མོ་བྱང་མའི་སྤྱི་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོའི་འགྲན་རྩོད་ལ་ཞུགས་རྒྱུ་ཡིན་པ་དངོས་སུ་ཁྱབ་བསྒྲགས་བྱས།

ཡའོ་ཧན་ནེ་སི་ཡིས་བསྟན་དོན། ཁོས་རོ་མཱ་ནི་ཡཱའི་ཚབ་བྱས་ཏེ་ཐེངས་འདིའི་འགྲན་རྩོད་ལ་ཞུགས་རྒྱུ་ཐག་བཅད་པ་དང་། ཡོ་རོབ་གླིང་ཤར་མའི་རྒྱལ་ཁབ་དག་བྱང་ཆིངས་རྩ་འཛུགས་ཀྱི་མདུན་ལྗོངས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་ཟེར།

ཡའོ་ཧན་ནེ་སི་ད་ལོར་ལོ་རེ་ལྔ་ཡིན་པ་དང་། ཉིས་སྟོང་བཅུ་བཞི་ལོར་རོ་མཱ་ནི་ཡཱའི་ཙུང་ཐུང་དུ་བདམས་པ་ཡིན་ལ། ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཅིག་པར་བདེ་བླག་ངང་བསྟུད་འགན་ཁུར་བ་རེད། རོ་མཱ་ནི་ཡཱའི་ཙུང་ཐུང་གི་འགན་ཡུན་ལོ་ངོ་ལྔ་རེད།

ད་ལྟའི་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཉིས་སྟོང་བཅུ་བཞི་ལོར་ལས་འགན་ཁུར་བའི་ཚུན་ལ་འགན་ཡུན་ཐེངས་གཉིས་ལ་ཇེ་རིང་དུ་བཏང་བ་ཡིན་ལ། སྐབས་འདིའི་འགན་ཡུན་ད་ལོའི་ཟླ་བཅུ་བར་ལོངས་པ་རེད། རོ་མཱ་ནི་ཡཱ་ནི་ཉིས་སྟོང་བཞི་ལོར་བྱང་ཆིངས་རྩ་འཛུགས་སུ་ཞུགས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།