མའོ་ལོ་ཀི་ཡིས་ཕཱ་ལེ་སི་ཐན་མང་ཚོགས་ལ་རོགས་སྐྱོར་ཟས་རིགས་འདོན་སྤྲོད་བྱས།
2024.03.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

མའོ་ལོ་ཀི་ཡི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། མའོ་ལོ་ཀིའི་རྒྱལ་བོ་མུའུ་ཧན་མའོ་ཏི་སྐུ་ཕྲེང་དྲུག་པས་འགུལ་སྐྱོད་སྤེལ་ནས། ཅཱ་ཧྲ་ས་ཁུལ་དང་ཡེ་ལུའུ་སཱ་ལེམ་གྱི་ཕཱ་ལེ་སི་ཐན་གྱི་མང་ཚོགས་ལ་མི་ཆོས་རིང་ལུགས་ཀྱི་ཟས་རིགས་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུའི་མཛུབ་སྟོན་བྱས།

གསལ་སྒྲོག་ནང་བཤད་རྒྱུར། མའོ་ལོ་ཀི་ཡིས་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་མང་ཚོགས་ལ་ཟས་རིགས་ཏུན་བཞི་བཅུ་ལྷག་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། ཡེ་ལུའུ་སཱ་ལེམ་གྱི་ཕཱ་ལེ་སི་ཐན་མང་ཚོགས་ལ་ཟས་རིགས་སླེ་བོ་སྟོང་གཉིས་འདོན་སྤྲོད་བྱེད་རྒྱུ་མ་ཟད། ཉིན་རེར་ད་རུང་ཕཱ་ལེ་སི་ཐན་གྱི་མང་ཚོགས་ལ་ཟས་སྐལ་སྟོང་གཅིག་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། དེ་ལས་གཞན་མུའུ་ཧན་མའོ་ཏི་སྐུ་ཕྲེང་དྲུག་པས་ད་རུང་མི་སྒེར་གྱི་ཐེབས་རྩའི་མ་དངུལ་བཀོལ་ནས་ཅཱ་ཧྲ་ས་ཁུལ་གྱི་བྱིས་པར་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར།

མའོ་ལོ་ཀིའི་དམག་ཕྱོགས་ཀྱིས་འདོན་སྤྲོད་བྱས་པའི་གནས་ཚུལ་ལྟར་ན། མའོ་ལོ་ཀི་ཕྱོགས་ཀྱིས་དམག་བཀོལ་སྐྱེལ་འདྲེན་གནམ་གྲུ་མང་བོ་བཀོལ་ནས་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱས་ཡོད་པ་དང་། དངོས་རྫས་དེ་དག་དབྱི་སི་རལ་གྱི་ཐི་ལཱ་ཝེ་ཧྥུའུ་རུ་བསྐྱལ་རྗེས། དབྱི་སི་རལ་དང་ཅཱ་ཧྲ་ས་ཁུལ་བར་གྱི་ཁའེ་ལོས་མུའུ་ཧྲ་ལོ་མུའུ་གྲུ་ཁ་བརྒྱུད་དེ་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།