ཕཱ་ལེ་སི་ཐན་གྱི་འཕྲིན་གཏོང་ཁང་གིས་ཚེས་བཅུ་བཞི་ཉིན་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཉིན་དེར་མུའུ་སི་ཐཱ་ཧྥ་ཡིས་སྐབས་གསར་བའི་སྲིད་གཞུང་རྩ་འཛུགས་བྱེད་པའི་དབང་ཆ་བསྩལ།
ཨ་པཱ་སི་ཡིས་དབང་ཆ་སྩོལ་བའི་ཡི་གེའི་ནང་མུའུ་སི་ཐཱ་ཧྥ་ནི་སྐབས་རྗེས་མའི་སྲིད་གཞུང་གི་ཙུང་ལིའི་འདེམ་སྒུག་པ་ཡིན་པའི་ཆ་ནས། ཕཱ་ལེ་སི་ཐན་མི་དམངས་ཀྱི་ཆེས་མཐོའི་ཁེ་ཕན་ཐད་འབད་འབུངས་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། སྐབས་གསར་བའི་སྲིད་གཞུང་གི་ལས་འགན་གཙོ་བོ་ནི་ཅཱ་ཧྲ་ས་ཁུལ་གྱི་རོགས་སྐྱོར་དང་བསྐྱར་འཛུགས་བྱ་བར་སྣེ་ཁྲིད་དང་མཐུན་སྦྱོར་བྱེད་རྒྱུ་དེ་ཡིན་ཟེར།
ཕཱ་ལེ་སི་ཐན་གྱི་གནས་ཚུལ་ཤེས་མཁན་གྱིས་གསར་འགོད་པར་བཤད་རྒྱུར། མུའུ་སི་ཐཱ་ཧྥ་ཡིས་ཧུར་ཐག་སྒོས་ཆེད་མཁས་ཀྱིས་གྲུབ་པའི་ལག་རྩལ་དཔོན་རིགས་ཀྱི་སྲིད་གཞུང་ཞིག་རྩ་འཛུགས་བྱེད་རྒྱུ་རེད་ཟེར།
མུའུ་སི་ཐཱ་ཧྥ་ནི་གཅིག་སྟོང་དགུ་བརྒྱ་ང་བཞི་ལོར་ཕཱ་ལེ་སི་ཐན་ནས་སྐྱེས་པ་དང་། ད་ལྟ་ཕཱ་ལེ་སི་ཐན་དངུལ་གཏོང་ཐེབས་རྩ་ཚོགས་པའི་ཀྲུའུ་ཞིའི་འགན་ཁུར་ཡོད་ལ། ཞོར་དུ་ཨ་པཱ་སིའི་དཔལ་འབྱོར་བློ་འདོན་པའི་འགན་ཁུར་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།