ཁོ་ཐི་ཏིས་ཝོར་གྱི་དྲ་རྒྱའི་འཕྲིན་གཏོང་ཞབས་ཞུ་དེ་མཚོ་འོག་གི་གློག་སྐུད་ཆད་པའི་དབང་གིས་རྒྱལ་ཡོངས་སུ་མཚམས་ཆད་ནས་དུས་ཚོད་ཉེར་བཞི་འགོར་རྗེས། ཚེས་བཅོ་ལྔ་ཉིན་རིམ་བཞིན་སླར་གསོ་བྱུང་ཡོད།
ཁོ་ཐི་ཏིས་ཝོར་གྱི་དྲ་རྒྱའི་ཚོང་གཉེར་བ་གཙོ་བོ་ཞིག་གིས་བསྟན་དོན། མཉམ་འབྲེལ་དྲ་བ་མཚམས་ཆད་པའི་གནད་དོན་སྐོར་ཞིག་ཐག་གཅོད་བྱས་པར་མ་ཟད་ཐག་གཅོད་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།
ཨ་ཧྥེ་རི་ཁ་ནུབ་མའི་ས་ཁུལ་དུ་ཞབས་ཞུ་བྱེད་པའི་མཚོ་འོག་གི་གློག་སྐུད་བཞི་ཚེས་བཅུ་བཞི་ཉིན་གློ་བུར་དུ་ཆད་ནས། ཁོ་ཐི་ཏིས་ཝོར་གྱི་འཕྲིན་གཏོང་ཚོང་གཉེར་ཁང་དང་མཉམ་འབྲེལ་དྲ་བའི་ཞབས་ཞུའི་མཁོ་འདོན་ཚོང་བར་འདོན་སྤྲོད་བྱེད་པའི་དྲ་རྒྱའི་ཞབས་ཞུ་མཚམས་ཆད་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་དོན་རྐྱེན་ལས་ཁོ་ཐི་ཏིས་ཝོར་དང་ལི་པུ་ལི་ཡཱ། པེ་ཉིང་། ཀཱ་ནཱ། པུའུ་ཁི་ནཱ་ཧྥ་སོ་སོགས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་བཅུ་ལྷག་ལ་ལ་ཤུགས་རྐྱེན་ཐེབས་ཡོད།
ཁོ་ཐི་ཏིས་ཝོར་གྱི་གཞི་གྲངས་ཅན་གྱི་རིམ་སྤོར་དང་གཞི་གྲངས་ཅན་གྱི་པུའུ་ཀྲང་ཁི་ནཱ་ཐི་ཡིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཁོ་ཐི་ཏིས་ཝོར་རྒྱལ་ཡོངས་ཀྱི་དྲ་རྒྱ་ཆད་པ་ནི་སྔར་མེད་ཀྱི་དམིགས་བསལ་དོན་རྐྱེན་ཞིག་ཡིན་ལ། སྲིད་གཞུང་གིས་བྱེད་ཐབས་སྤྱད་ནས་མ་འོངས་པའི་དུས་ཚོད་ཞེ་བརྒྱད་ནང་དྲ་རྒྱའི་སྦྲེལ་མཐུད་སླར་གསོ་བྱེད་བཞིན་ཡོད་ལ། གང་ནུས་ཀྱིས་དཔལ་འབྱོར་དང་མང་ཚོགས་ཀྱི་ཉིན་རྒྱུན་འཚོ་བར་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་ལ་གཏོང་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།