ཨུ་རུ་སུའི་ཀྲུང་དབྱང་འདེམས་ཨུ་ཡོན་ལྷན་ཁང་གིས་ཨུ་རུ་སུའི་ཙུང་ཐུང་འདེམས་བསྐོའི་འདེམས་ཤོག་འཕེན་པའི་མ་ལག་ལ་དྲ་རྒྱའི་ངོས་ནས་ཚུར་རྒོལ་གང་མང་བྱས་ཡོད་ཟེར།
2024.03.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ཚེས16ཉིན། ཨུ་རུ་སུའི་ཀྲུང་དབྱང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕ་མུའུ་ཧྥེ་ལའོ་ཝ་ཡིས་བཤད་རྒྱུར། ཨུ་རུ་སུའི་ཙུང་ཐུང་འདེམས་བསྐོའི་འདེམས་ཤོག་དངོས་སུ་འཕངས་པའི་ཚུན་ལ། ཨུ་རུ་སུའི་འབྲེལ་ཡོད་མ་ལག་དང་ལས་སྟེགས་ལ་དྲ་རྒྱའི་ངོས་ནས་ཚུར་རྒོལ་ཤུགས་ཆེན་བྱས་ཡོད་ཟེར།

ཕ་མུའུ་ཧྥེ་ལའོ་ཝ་ཡིས་བཤད་རྒྱུར། འདེམས་ཤོག་དངོས་སུ་འཕེན་མགོ་བརྩམས་པ་ནས་བཟུང་། ཨུ་རུ་སུ་ཕྱོགས་ཀྱིས་རྒྱང་བསྟེན་གློག་རྡུལ་འདེམས་ཤོག་འཕེན་པའི་མ་ལག་དང་འབྲེལ་ཡོད་སྟེགས་བུར་དམིགས་ཏེ་སྤེལ་བའི་ཚུར་རྒོལ་བྱེད་ཐེངས་འབུམ་གཅིག་དང་ཁྲི་དྲུག་ལྷག་བཀག་འགོག་བྱས་ཡོད་ཅིང་། དེའི་ཁྲོད་རྒྱང་བསྟེན་གློག་རྡུལ་འདེམས་ཤོག་འཕེན་པའི་དྲ་ཚིགས་ལ་དམིགས་ནས་ཚུལ་རྒོལ་ཐེངས་འབུམ་གཅིག་དང་ཁྲི་གསུམ་བྱས་པ་དང་། གཞན་ཡང་རྒྱང་བསྟེན་གློག་རྡུལ་འདེམས་ཤོག་འཕེན་པའི་ལྟ་སྐུལ་ཚོད་འཛིན་དྲ་ཚིགས་ལ་དམིགས་ཏེ་ཕར་རྒོལ་ཐེངས་ཁྲི་གསུམ་བྱས་ཡོད་ཟེར།

ཕ་མུའུ་ཧྥེ་ལའོ་ཝ་ཡིས་བཤད་རྒྱུར། ཨུ་རུ་སུ་ཕྱོགས་ལ་དྲ་རྒྱའི་ངོས་ནས་ཚུར་རྒོལ་བྱེད་ཐེངས་དེ་ཚེས15ཉིན་དང་བསྡུར་ན་ཚེས16ཉིན་སྔར་ལས་ཇེ་མང་དུ་ཕྱིན་ཡོད། གཞན་ཡང་ཨུ་རུ་སུ་ཕྱོགས་ཀྱིས་ད་དུང་ཨུ་རུ་སུའི་ཀྲུང་དབྱང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་ལ་དམིགས་ཏེ་སྤེལ་བའི་དྲ་རྒྱའི་ཚུར་རྒོལ་ཐེངས་ཁྲི་གཅིག་དང་སྟོང་བརྒྱད་ལ་ཞིབ་དཔྱད་ཚད་ལེན་བྱས་པའི་ཁྲོད་དུ། ཉེན་ཁ་ཆེ་བའི་ཚུར་རྒོལ་ཐེངས141བྱས་པ་དང་། ཉེན་ཁ་འབྲིང་གི་ཚུར་རྒོལ་ཐེངས2712བྱས་ལ། ཉེན་ཁ་ཆུང་བའི་ཚུར་རྒོལ་ཐེངས་ཁྲི་གཅིག་དང་སྟོང་ལྔ་བྱས་ཡོད་ཟེར།

2024ལོའི་ཨུ་རུ་སུའི་ཙུང་ཐུང་འདེམས་བསྐོའི་ལས་དོན་དེ་ཚེས15ཉིན་ནས་ཚེས17ཉིན་བར་དངོས་སུ་སྤེལ། ད་ཐེངས་ཀྱི་ཨུ་རུ་སུའི་ཙུང་ཐུང་འདེམས་བསྐོའི་འདེམས་ཤོག་འཕེན་ཡུལ་མང་པོར་ཐོག་དང་པོར་རྒྱང་བསྟེན་གློག་རྡུལ་གྱི་འདེམས་ཤོག་འཕེན་སྟངས་སྤྱད་པ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།