ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཉིན་དེར་ཕ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཁེ་པོ་ཨར་ ཕུའུ་ཧྲིན་ཐུའུ་ཞིང་ཆེན་གྱི་བདེ་འཇགས་དམག་དཔུང་གི་སོ་ལྟ་ཁང་ཞིག་ལ་འཇིགས་སྐུལ་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ནས་དམག་མི་བདུན་རྐྱེན་ལམ་དུ་ཤོར།
ཕ་ཁི་སི་ཐན་གྱི་གསར་འགྱུར་ཅུའུ་ཡིས་གསལ་བསྒྲགས་ཤིག་གི་ནང་བཤད་རྒྱུར། འཇིགས་སྐུལ་ཉེས་ཅན་གྱིས་འགད་རྫས་བཞག་ཡོད་པའི་རླངས་འཁོར་དང་རང་སྲོག་གཅོད་པའི་འགད་རྫས་ཀྱིས་ཞིང་ཆེན་དེའི་ཝ་ཅི་ལི་སི་ཐན་བྱང་མ་ས་ཁུལ་གྱི་བདེ་འཇགས་དམག་དཔུང་གི་སོ་ལྟ་ཁང་ཞིག་ལ་འཇབ་རྒོལ་བྱས་ནས་ཁང་བ་སྐོར་ཞིག་ལ་འགས་གཏོར་བཏང་བ་དང་དམག་མི་ལྔ་རྐྱེན་ལམ་དུ་བཏང་། དེའི་རྗེས་ཀྱི་དམར་འཛིང་ཁྲོད་དུའང་དམག་མི་གཉིས་རྐྱེན་ལམ་དུ་བཏང་བ་དང་འཇལ་རྒོལ་ཁྲོད་ཞུགས་པའི་འཇིགས་སྐུལ་ཉེས་ཅན་དྲུག་པོ་གཅིག་ཀྱང་མ་ལྷག་པར་རྐྱེན་ལམ་དུ་ཤོར།
མིག་སྔར། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་རྩ་འཛུགས་གང་གིས་ཀྱང་ཁས་ལེན་བྱས་མེད།
ཝ་ཅི་ལི་སི་ཐན་བྱང་མ་ས་ཁུལ་དེ་ཨ་ཧྥུའུ་ཧན་དང་འདབས་འབྲེལ་དུ་གནས་པ་དང་། ཕ་ཁི་སི་ཐན་ཐ་ལེ་པན་སོགས་འཇིགས་སྐུལ་རྩ་འཛུགས་ཀྱིས་ས་ཁུལ་དེ་རུ་རྒྱུན་པར་འགུལ་སྐྱོད་སྤེལ་བཞིན་ཡོད་ལ། ས་ཁུལ་འདི་ནི་ཕ་ཁི་སི་ཐན་དམག་ཕྱོགས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་བའི་ས་ཁུལ་གཙོ་བོ་ཞིག་རེད།
མི་ཕམ་མགོན་པོས་བསྒྱུར།