ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅུ་དྲུག་ཉིན་བར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཧོང་ཞའོ་ཝེ་ཡིས་ཀྲུང་གུང་འཐུས་ཚབ་ཚོགས་པ་ཁྲིད་ནས་པ་པ་ཏོ་སིར་འཚམས་འདྲི་བྱས་པ་དང་། བཟོ་བའི་ཏང་གི་གཙོ་འཛིན།ཙུང་ལི་མོ་ཐུ་ལི་དང་ཐུག་འཕྲད་བྱས་པ་དང་། བཟོ་བའི་ཏང་གི་ཀྲུའུ་ཞི་ཧྥ་ལི་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱི་འགན་ཁུར་མི་སྣ་དང་མཉམ་དུ་བཞུགས་མོལ་བྱས་ཏེ། དུས་རབས་གསར་བའི་བུད་མེད་དང་བྱིས་པའི་ལས་དོན་གྱི་འཕེལ་རྒྱས་དང་ཟུང་འབྲེལ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང2024ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ངོ་སྤྲོད་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་ལག་བསྟར་བྱེད་པ་དང་ཏང་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ། བུད་མེད་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་ནས་བསམ་ཚུལ་བརྗེ་རེས་བྱས།
པ་པ་ཏོ་སི་ཕྱོགས་ཀྱིས་བསྟན་དོན། ཀྲུང་གོ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཡོད་པ་དང་། ཏང་ཁག་བར་དང་བུད་མེད་ཁྱབ་ཁོངས་སོགས་ཀྱི་མཉམ་ལས་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།