ཡེ་མིན་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་དབྱིན་ཇིའི་འཐབ་འཛིང་གནམ་གྲུ་ཡིས་ཉིན་དེའི་ཞོགས་པར་ཡེ་མིན་ནུབ་ཕྱོགས་ཀྱི་ཧེ་ཐེ་ཏཱ་ཞིང་ཆེན་དང་དེའི་ཉེ་འདབས་ཀྱི་ཐཱ་དབྱེ་ཙི་ཞིང་ཆེན་དུ་ཐེངས་འགར་བར་སྣང་འཇབ་རྒོལ་བྱས་ཡོད་ཟེར།
བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་དབྱིན་ཇིའི་མཉམ་འབྲེལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཞོགས་པའི་དུས་ཚོད་གཅིག་ཡས་མས་སུ་ཧི་ཐེ་ཏཱ་ཞིང་ཆེན་ལྷོ་ངོས་ཀྱི་ཏུའུ་ལཱ་ཞེ་མུས་ས་ཁུལ་དུ་སྐོར་ཐེངས་བཞི་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། དུས་ཚོད་གཉིས་ཀྱི་རྗེས་སུ། མཉམ་འབྲེལ་དམག་དཔུང་གིས་ཡང་བསྐྱར་ཐཱ་དབྱེ་ཙི་ཞིང་ཆེན་གྱི་ལྷོ་ནུབ་ཕྱོགས་ཀྱི་ཧུའུ་སེ་དྲག་ཆས་པའི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་པ་རེད་ཟེར།
ཨ་མེ་རི་ཁ་དང་དབྱིན་ཇིའི་ཕྱོགས་ཀྱིས་མིག་སྔར་ཐེངས་འདིའི་བར་སྣང་འཇབ་རྒོལ་ཐད་ནས་དཔྱད་བརྗོད་གང་ཡང་སྤེལ་མེད། ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས་བཅུ་དྲུག་ཉིན་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པར་དམིགས་ནས་འགུལ་སྐྱོད་སྤེལ་བ་དང་། དེའི་ནང་ཧུའུ་སེ་དྲག་ཆས་པའི་མི་བསྡད་མེད་པའི་གྲུ་གཟིངས་ལྔ་དང་མི་བསྡད་མེད་པའི་གནམ་གྲུ་གཅིག་གཏོར་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།