དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པ་ཁཱ་ཐར་དུ་སོང་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་ཞུགས།
2024.03.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་ཚེས་བཅོ་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་འགན་ཁུར་བའི་དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པས་ཉིན་དེར་ཁཱ་ཐར་དུ་སོང་། གྲོས་མོལ་དེ་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་མགོ་རྩོམ་རྒྱུ་ཡིན་ལ། ཁཱ་ཐར་དང་ཨེ་ཅིབ་ཕྱོགས་ཀྱི་འཐུས་མི་ཡང་གྲོས་མོལ་ལ་ཞུགས་ཡོད་ཟེར།

བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པར་གསང་འཕྲིན་དང་དམིགས་བསལ་མཁོ་སྒྲུབ་ཅུའུ་ཡི་ཅུའུ་ཀྲང་པཱ་ཨར་ནེ་ཡཱ་ཡིས་སྣེ་ཁྲིད་བྱས་ཡོད་པ་དང་། དབྱི་སི་རལ་གྱི་བདེ་འཇགས་ནེ་ཀི་ཡིས་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་དབྱི་སི་རལ་གྱི་གྲོས་མོལ་ཁྲོད་ཀྱི་མ་མཐའི་ཚད་ཐིག་ལ་ཆོག་མཆན་བཀོད་ཡོད་ལ། དབྱི་སི་རལ་གྱི་གྲོས་མོལ་ཚོགས་པས་གྲོས་མོལ་བྱེད་སྐབས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པའི་དབང་ཆ་ཡོད་ཟེར།

དབྱི་སི་རལ་གྱི་དཔོན་པོ་ཞིག་གིས་བཤད་རྒྱུར། གྲོས་མཐུན་འགོད་རྒྱུ་ཡིན་ཡུན་རིང་ཞིང་རྙོག་འཛིང་ཆེ་བའི་བརྒྱུད་རིམ་ཞིག་ཡིན་ཟེར།

ཉེ་སྔོན་ཨེ་ཅིབ་དང་ཁཱ་ཐར། ཨ་མེ་རི་ཁ་སོགས་ཀྱིས་བྱེད་ཐབས་མང་བོ་སྤྱད་ནས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པར་སྐུལ་འདེད་གཏོང་རྩིས་བྱེད་བཞིན་ཡོད། ཁཱ་ཐར་སྲིད་གཞུང་གིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། དབྱི་སི་རལ་དང་ཧཱ་མཱ་སིའི་བར་གྱི་གྲོས་མོལ་མུ་མཐུད་དུ་སྤེལ་བཞིན་ཡོད་པ་དང་། ཕྱོགས་གཉིས་བར་སྔར་བཞིན་འགལ་བ་མི་ཉུང་བ་ཡོད་པས་གྲོས་མཐུན་འགོད་པར་ད་རུང་བར་ཐག་ངེས་ཅན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།