ཕུའུ་ཅིན་གྱིས་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་མུ་མཐུད་དུ་གཏིང་ཟབ་ཏུ་འཕེལ་རྒྱས་སུ་གཏོང་རྒྱུའི་ཚུལ་བསྟན།
2024.03.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན། ཕུའུ་ཅིན་གྱིས་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁོའི་འདེམ་བསྐོའི་འགྲན་རྩོད་པུའུ་ནས་གསར་འགོད་པའི་དྲི་བར་ལན་བཏབ།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་མུ་མཐུད་དུ་གཏིང་ཟབ་ཏུ་འཕེལ་རྒྱས་སུ་བཏང་སྟེ། གྲུབ་འབྲས་གསར་བ་ཐོབ་ཏུ་འཇུག་རྒྱུ་མ་ཟད་རྒྱལ་ཁབ་གཉིས་ཀྱི་མིད་མངས་ལ་ཕན་བདེ་བསྐྲུན་རྒྱུ་ཡིན་ཟེར།

ས་དེའི་ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པར། ཕུའུ་ཅིན་གྱིས་འདེམ་བསྐོའི་འགྲན་རྩོད་པུའུ་ནས་གཏམ་བཤད་སྤེལ་ཏེ། འདེམ་དམངས་ཀྱིས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་ཞིན་ཧྭ་གསར་འགར་གྱུར་ཁང་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་ལོ་མང་བོར་འཕེལ་རྒྱས་སུ་སོང་བ་དང་། ཧ་ཅང་གཏན་འཇགས་མིན་ལ། ཁ་གསབ་རང་བཞིན་དྲག་པོ་ལྡན་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་དཔལ་འབྱོར་དང་ཕྱི་འབྲེལ་སོགས་ཁྱབ་ཁོངས་སུ་གཅིག་མཐུན་གྱི་གནད་མང་བོ་ཡོད་པ་དང་། ཨེ་ཤ་ཡཱ་དང་ཡོ་རོབ་གླིང་ས་ཁུལ་གྱི་འཕེལ་རྒྱས་ལ་མཚོན་ན། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་ནི་གཏན་འཇགས་ཀྱི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་འདོན་དེ་ཧ་ཅང་གལ་ཆེན་ཡིན་ཟེར།

ཕུའུ་ཅིན་གྱིས་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས། ཁོས་བལྟས་ན་ཀྲུང་གོས་ཡིད་ཆེས་ཆེན་པོས་མགྱོགས་མྱུར་འཕེལ་རྒྱས་མངོན་འགྱུར་བྱེད་བཞིན་ཡོད་པ་དང་། གསར་གཏོད་རྣམ་པ་ཅན་གྱི་དཔལ་འབྱོར་སྤོར་བསྒྱུར་བྱེད་བཞིན་ཡོད་ལ། ཀྲུང་གོའི་རྒྱལ་སྤྱིའི་གར་སྟེགས་སྟེང་གི་འགུལ་སྐྱོད་ཉིན་རེ་བཞིན་ཇེ་མང་དུ་སོང་བར་མ་ཟད་ལེགས་འགྲུབ་ཆེན་པོ་བྱུང་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོར་གྲོགས་པོ་མང་བོ་ཡོད་ཟེར།

ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། ཐེ་ཝན་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཁག་ཅིག་ཡིན་པ་དང་། ཐེ་ཝན་ཉེ་འཁོར་དུ་དཀྲུག་འཕེན་བྱེད་པ་དང་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཀྲུང་གོའི་འཕེལ་རྒྱས་ལ་བར་ཆད་གཏོང་རྩིས་བྱེད་པའི་གཡོ་ཇུས་དེ་རིགས་ཕམ་ཉེས་སུ་འགྲོ་སྲིད་པ་བསྙོན་མེད་ཡིན་ཟེར།

ཨུ་རུ་སིའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ས་དེའི་ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པར་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཐེངས་འདིའི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་རྩིས་ལེན་ཡོངས་འགྲུབ་བྱས་པའི་བརྒྱ་ཆའི་གྱ་ལྔའི་འདེམ་ཤོག་ཁྲོད། ཕུའུ་ཅིན་ལ་བརྒྱ་ཆའི་གྱ་བདུན་དང་གྲངས་ཆུང་གཅིག་དགུའི་འདེམ་ཤོག་ཐོབ་ནས་འདེམ་སྒུག་པ་གཞན་ལས་ལྷག་པ་དང་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ཡོད་པ་རེད།

ཨུ་རུ་སིའི་སྐབས་བརྒྱད་པའི་ཙུང་ཐུང་འདེམ་བསྐོའི་དངོས་གཞིའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་བདུན་ཉིན་བར་སྤེལ་བ་དང་། ཨུ་རུ་སིའི་ཙུང་ཐུང་འདེམ་བསྐོའི་སྒྲིག་སྲོལ་ལྟར་ན། བརྒྱ་ཆའི་ལྔ་བཅུའི་ཡན་གྱི་འདེམ་ཤོག་ཐོབ་མཁན་ཙུང་ཐུང་ལ་བདམས་ཆོག་པ་རེད། ཨུ་རུ་སིའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཆེས་འཕྱི་ན་ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན་ཐེངས་འདིའི་ཙུང་ཐུང་འདེམ་བསྐོའི་མཇུག་མཐའི་མཇུག་འབྲས་ཁྱབ་སྒྲོག་བྱེད་རྒྱུ་ཡིན་པ་དང་། འདེམ་བསྐོའི་མཇུག་འབྲས་ཁས་ལེན་བྱས་རྗེས་ཀྱི་ཉིན་གསུམ་ནང་ཁྱབ་བསྒྲགས་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།