མཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉས་སི་རི་ཡཱའི་མིག་སྔའི་གནས་བབ་ལ་དཀའ་སྡུག་ཆེན་པོ་ཡོད་པའི་ཚུལ་བསྟན།
2024.03.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཕའེ་ཁའེ་རོའུ་ཡིས་ཚེས་བཅུ་བདུན་ཉིན་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་ནས་བསྟན་དོན། སི་རི་ཡཱའི་མིག་སྔའི་གནས་བབ་ལ་དཀའ་སྡུག་ཆེན་པོ་ཡོད་ཅིང་། བདེ་འཇགས་དང་དཔལ་འབྱོར། ཆབ་སྲིད་འཕེལ་རིམ་སོགས་ཐད་ནས་འགྲན་རྩོད་ལ་འཕྲད་ཡོད་ཟེར།

ཕའེ་ཁའེ་རོའུ་ཡིས་ཉིན་དེར་སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་མཱེ་ཁི་ཏཱ་ཏི་དང་གྲོས་མོལ་བྱས་རྗེས་གསར་འགྱུར་སྨྱན་བྱད་ལ་བསྟན་དོན། སི་རི་ཡཱའི་མི་ཆོས་རིང་ལུགས་ཀྱི་དགོས་མཁོ་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་། རོགས་སྐྱོར་མ་དངུལ་ཇེ་ཉུང་རེད་ཟེར།

ཉེ་སྔོན་སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་བར་གྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་བའི་ཐད་ནས་ཕའེ་ཁའེ་རོའུ་ཡིས་ཕྱོགས་གཉིས་ཀྱིས་སི་རི་ཡཱའི་མི་དམངས་ལ་རེ་བ་བསྐྲུན་པའི་ཐབས་ཀྱིས་ཆབ་སྲིད་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་ད་རུང་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་རོགས་སྐྱོར་མ་དངུལ་ཁ་སྣོན་བྱས་ནས། སི་རི་ཡཱ་ཡིས་འབྲེལ་ཡོད་འགྲན་རྩོད་ཐག་གཅོད་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། སི་རི་ཡཱ་རུ་མིག་སྔར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མཁོ་བའི་མི་གྲངས་བྱེ་བ་གཅིག་དང་ས་ཡ་དྲུག་འབུམ་བདུན་ལ་བསླེབས་ཡོད་པ་དང་། ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡཱའི་ནང་འཁྲུག་བྱུང་རྗེས་ཀྱི་དུས་སྐབས་གང་ལས་ཀྱང་མང་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།