ཁཱ་ཐར་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཨན་སཱ་ལི་ཡིས་ཚེས19ཉིན་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་དེ་མིག་སྔར་ད་རུང་གྲོས་མཐུན་འགོད་པའི་ཚད་དུ་སླེབས་མེད་ལ། ཁཱ་ཐར་ཕྱོགས་ཀྱིས་གྲོས་མོལ་དེར་སེམས་ཆུང་དང་དགའ་སྤྲོའི་རྣམ་འགྱུར་བཟུང་ཡོད་ཟེར།
ཨན་སཱ་ལི་ཡིས་ཉིན་དེར་གཟའ་འཁོར་རེའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པ་ཁྲིད་པའི་དབྱི་སི་རལ་གྱི་གསང་འཕྲིན་དང་དམིགས་བསལ་མཁོ་སྒྲུབ་ཅུའུ་ཡི་ཅུའུ་ཀྲང་པཱ་ཨར་ནེ་ཡཱ་ཁ་ཐར་དང་བྲལ་ཡོད་ཀྱང་། ལག་རྩལ་གནད་དོན་གྱི་འཐུས་ཚབ་རུ་ཁག་གིས་མུ་མཐུད་དུ་ཏའོ་ཧཱ་རུ་གྲོས་མོལ་བྱེད་བཞིན་ཡོད། གྲོས་མོལ་མུ་མཐུད་དུ་སྤེལ་བཞིན་ཡོད་ཀྱང་། གྲུབ་འབྲས་གང་རུང་ཁྱབ་བསྒྲགས་བྱས་པའི་དུས་ལ་བབས་མེད། ཁཱ་ཐར་ཕྱོགས་ཀྱིས་གྲོས་མཐུན་འགོད་རག་བར་དུ་གྲོས་མོལ་མུ་མཐུད་དུ་སྤེལ་བར་རེ་བཞིན་ཡོད་ཟེར།
ཨན་སཱ་ལི་ཡིས་ད་རུང་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དུ་འཐབ་འཁྲུག་བྱུང་ན། མི་ཆོས་རིང་ལུགས་ཀྱི་གནོད་འཚེ་འབྱུང་སྲིད་པ་དང་། གནས་བབ་སྔར་ལས་ཛ་དྲག་ཏུ་སོང་ན། གྲོས་མོལ་ལ་ཤུགས་རྐྱེན་ཐེབས་སྲིད་པའི་ཉེན་བརྡ་བཏང་།
དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པ་ཚེས18ཉིན་ཁཱ་ཐར་དུ་འབྱོར་ནས། ཁཱ་ཐར་དང་ཨེ་ཅིབ་ཀྱི་དཔོན་རིགས་བར་གྲོས་མོལ་བྱས། ཧཱ་མཱ་སི་དང་དབྱི་སི་རལ་གྱིས་ཁ་པར་གྲོས་མོལ་བྱེད་པར་ཁས་ལེན་བྱས་མེད་པས། ཨེ་ཅིབ་དང་ཁཱ་ཐར་གྱིས་ཕན་ཚུན་བར་སྐད་ཁྱེར་བཞིན་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།