ཀྲུང་གུང་འཐུས་ཚབ་ཚོགས་པས་ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀི་ལ་འཚམས་འདྲི་བྱས།
2024.03.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས17ཉིན་ནས་ཚེས19ཉིན་བར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཧོང་ཞའོ་ཝེ་ཡིས་ཀྲུང་གུང་འཐུས་ཚབ་ཚོགས་པ་ཁྲིད་དེ་ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀི་ལ་འཚམས་འདྲི་བྱས། གྲོས་ཞུགས་ཁང་གི་གྲོས་དཔོན་ཏི་ཧྥོ་ལོས་ཐཱ་སི་དང་དམངས་གྲོས་ཁང་གི་གྲོས་དཔོན་ཨན་ནེ་སེ་ཐི་ཆའོ་ཀྲི་གཉིས་ལ་ཐུག་འཕྲད་བྱས་པ་དང་། མི་དམངས་མི་རིགས་འགུལ་སྐྱོད་ཏང་གི་ཀྲུའུ་ཞི་གཞོན་པ་ལི་ཅི་སི་དང་གྲོས་མོལ་བྱས་པར་མ་ཟད། མཉམ་འབྲེལ་མི་རིགས་ཚོགས་ཆེན་ཏང་གི་གཙོ་འཛིན་པུས་སེ་སཱ་ཨར་སོགས་ལ་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབས་བྱེད་པ་དང་། ཏང་ཁག་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་ཐད་ནས་བརྗེ་རེས་བྱས། ཀྲུང་གོའི་བུད་མེད་དང་བྱིས་པ། ཁྱིམ་ཚང་གི་ལས་དོན་སོགས་ཀྱི་འཕེལ་རྒྱས་གྲུབ་འབྲས་དང་ཟུང་འབྲེལ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གཏིང་ཟབ་ཏུ་སྒྲོག་འགྲེལ་བྱས།

ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀི་ཕྱོགས་ཀྱིས་བསྟན་དོན། ཀྲུང་གོའི་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་ཏེ། ཏང་ཁག་བར་དང་བུད་མེད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།