དབྱི་སི་རལ་དམག་དཔུང་ཕྱོགས་ཀྱིས་ཧཱ་མཱ་སིའི་བཀོད་འདོམ་དཔོན་པོ་བཞི་བསད་པའི་ཚུལ་བསྟན།
2024.03.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་དང་དབྱི་སི་རལ་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུའུ་ཡིས་ཚེས་ཉི་ཤུ་ཉིན་གསལ་སྒྲོག་སྤེལ་ཏེ། གཟའ་འཁོར་སྔོན་མའི་ཚུན་ལ། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཅཱ་ཧྲ་ས་ཁུལ་དུ་འགས་གཏོར་བཏང་ནས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་མཐོ་རིམ་བཀོད་འདོམ་དཔོན་པོ་བཞི་བསད་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཚེས་བཅོ་བརྒྱད་ཉིན་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དུ་འཇབ་རྒོལ་བྱེད་སྐབས། ཧཱ་མཱ་སིའི་འཕྲལ་བསྟུན་ཨུ་ཡོན་ལྷན་ཁང་གི་དཔོན་པོ་གསུམ་བསད་པ་དང་། མི་གཞན་པ་གཅིག་ལ་རྨས་ཕོག ཁོ་ཚོས་འཇིགས་སྐུལ་བྱ་འགུལ་རྩ་འཛུགས་བྱེད་པའི་འགན་ཁུར་ཡོད་པར་མ་ཟད་ཧཱ་མཱ་སིའི་དམག་དོན་སྡེ་ཁག་ལ་རོགས་འདེགས་བྱས་ནས་ཅཱ་ཧྲ་ས་ཁུལ་ཚོད་འཛིན་བྱས་ཡོད་ཟེར།

མིག་སྔའི་བར་དུ་ཧཱ་མཱ་སི་ཕྱོགས་ཀྱིས་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།

དབྱི་སི་རལ་གྱི་དམག་དཔུང་གིས་གསལ་སྒྲོག་དེའི་ནང་བསྟན་དོན། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་གཟའ་འཁོར་སྔོན་མར་ད་རུང་འགས་གཏོར་བཏང་ནས་ལཱ་ཧྥ་གྲོང་ཁྱེར་གྱི་འཕྲལ་བསྟུན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་ཏཱ་ལེ་ཨེ་ཏི་བསད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།