མཱ་ཏཱ་ཀ་སི་ཁཱའི་ཙུང་ཐུང་གིས་ཀྲུང་གོ་ནི་མཉམ་ལས་གྲོགས་པོ་གཙོ་བོ་ཡིན་པའི་ཚུལ་བསྟན།
2024.03.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཱ་ཏཱ་ཀ་སི་ཁཱའི་ཙུང་ཐུང་ལཱ་ཆའོ་ལེ་ནཱ་ཡིས་ཚེས་ཉི་ཤུ་ཉིན་རྒྱལ་ས་ཐཱ་ནཱ་ནཱ་ལེ་ཧྥོ་ནས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་མཱ་ཏཱ་ཀ་སི་ཁཱའི་མཉམ་ལས་གྲོགས་པོ་གཙོ་བོ་ཡིན་ཟེར།

ལཱ་ཆའོ་ལེ་ནཱ་ཡིས་ཉིན་དེར་མཱ་ཏཱ་ཀ་སི་ཁཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གསར་བ་ཅི་ཕིང་གིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བསྟན་དོན། མཱ་ཏཱ་ཀ་སི་ཁཱ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་མཱ་ཏཱ་ཀ་སི་ཁཱ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་པར་བཀའ་དྲིན་ཞུས།

ཅི་ཕིང་གིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་དངོས་སུ་ཐུགས་ཁུར་དང་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་མཱ་ཏཱ་ཀ་སི་ཁཱའི་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་སོང་བ་དང་། དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་ཇེ་བཟང་དུ་སོང་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཱ་ཏཱ་ཀ་སི་ཁཱའི་འཕེལ་རྒྱས་བགྲོད་ལམ་སྟེང་གི་མཉམ་སྐྱོད་གྲོགས་པོ་བྱས་ནས་གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་བསྐྲུན་བྱེད་འདོད་ཡོད་ཟེར།

ཅི་ཕིང་ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན་མཱ་ཏཱ་ཀ་སི་ཁཱ་རུ་འབྱོར་ནས་ལས་འགན་གསར་དུ་ཁུར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།