དབྱི་སི་རལ་གྱི་དམག་དཔུང་གིས་ཞི་ཧྥ་སྨན་ཁང་ནས་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་བརྒྱ་དང་བཞི་བཅུ་ཙམ་བསད།
2024.03.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་ཉེར་གཅིག་ཉིན་འཐབ་འཁྲུག་གནས་ཚུལ་གྱི་སྤྱི་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་མཁར་གྱི་ཞི་ཧྥ་སྨན་ཁང་གི་དམག་དོན་འགུལ་སྐྱོད་ཁྲོད་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་བརྒྱ་དང་བཞི་བཅུ་ཙམ་བསད་པ་དང་། གཞན་ཡང་དོགས་ཡོད་ཉེས་ཅན་དྲུག་བརྒྱ་ལྷག་དབྱི་སི་རལ་དུ་ཁྲིད་ནས་འདྲི་གཅོད་དང་ལེན་བྱེད་བཞིན་ཡོད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཞི་ཧྥ་སྨན་ཁང་ནས་ཕཱ་ལེ་སི་ཐན་གྱི་དྲག་ཆས་རྩ་འཛུགས་ཀྱི་མཚོན་ཆ་དང་གསང་འཕྲིན་ཡིག་ཆ་རྙེད་ཡོད་ལ། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ཞི་ཧྥ་སྨན་ཁང་དུ་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།

དབྱི་སི་རལ་དམག་ཕྱོགས་ཀྱི་དཔོན་རིགས་ཤིག་གིས་བཤད་རྒྱུར། ཞི་ཧྥ་སྨན་ཁང་གི་དམག་དོན་འགུལ་སྐྱོད་དེ་ཚོད་དཔག་བྱས་ན་ཉིན་འགའ་འགོར་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།