ཧུའུ་སེ་དྲག་ཆས་པས་ཨ་མེ་རི་ཁ་དང་དབྱིན་ཇིའི་འཐབ་འཛིང་གནམ་གྲུས་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་ལ་བར་སྣང་འཇབ་རྒོལ་བྱས་པའི་ཚུལ་བསྟན།
2024.03.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་དབྱིན་ཇིའི་འཐབ་འཛིང་གནམ་གྲུས་ཉིན་དེའི་དགོང་མོར་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་ལ་ཐེངས་མང་བོར་བར་སྣང་འཇབ་རྒོལ་བྱས་ཟེར།

གནས་ཚུལ་དེ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། འཐབ་འཛིང་གནམ་གྲུ་མང་བོས་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་སཱ་ནཱའི་བར་སྣང་ནས་ཉུང་མཐར་ཡང་སྐོར་ཐེངས་ལྔར་འགས་གཏོར་བཏང་བ་དང་། གྲོང་ཁྱེར་ཧྲིལ་བོ་ནས་འགས་གཏོར་གྱི་སྒྲ་ཐོས་ཐུབ་ཟེར།

མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་དབྱིན་ཇིའི་འཐབ་འཛིང་གནམ་གྲུས་ཉིན་དེར་སྔ་དྲོར་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཚོ་དམར་མཚོ་ཁོངས་ཀྱི་ཧི་ཐེ་ཏཱ་གྲོང་ཁྱེར་དུ་ཉུང་མཐར་ཡང་ཐེངས་གཉིས་ལ་བར་སྣང་འཇབ་རྒོལ་བྱས་ཟེར།

ཨ་མེ་རི་ཁ་དང་དབྱིན་ཇིའི་དཔོན་ཕྱོགས་ཀྱིས་མིག་སྔར་ད་རུང་དོན་དེའི་ཐད་ནས་དཔྱད་བརྗོད་གང་ཡང་སྤེལ་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།