ཨུ་རུ་སི་དཀར་པོའི་གྲོས་ཁང་ཞོལ་མས་ཀྲུའུ་ཞི་གསར་བ་བདམས་ཐོན་བྱུང་།
2024.03.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཨུ་རུ་སི་དཀར་པོའི་གྲོས་ཁང་ཞོལ་མས་ཚེས་ཉེར་གཉིས་ཉིན་ཀྲུའུ་ཞི་གསར་བ་བདམས་ཐོན་བྱས་པ་དང་། ད་ལྟའི་ཙུང་ཐུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཞེ་ཨར་ཀའེ་ཡན་ཁི་བདམས་པ་རེད།

སྐབས་གསར་བའི་གྲོས་ཁང་ཞོལ་མས་ཉིན་དེར་གྲོས་ཚོགས་ཐོག་མ་བསྡུས་པ་དང་། མིང་མི་འགོད་པར་འདེམ་ཤོག་འཕེན་པའི་ཐབས་ལ་བརྟེན་ནས་ཀྲུའུ་ཞི་གསར་བ་བདམས་པ་ཡིན་ལ། ཞེ་ཨར་ཀའེ་ཡན་ཁི་ལ་འདེམ་ཤོག་ཚང་མའི་རྒྱབ་སྐྱོར་ཐོབ་ནས་བདམས་ཐོན་བྱུང་།

ཨུ་རུ་སི་དཀར་པོའི་གྲོས་ཁང་དེ་གྲོས་ཁང་གོང་ཞོལ་གཉིས་ཀྱིས་གྲུབ་ཡོད་པ་དང་། སྐབས་རེའི་འགན་ཡུན་ལོ་ངོ་བཞི་རེད། ཨུ་རུ་སི་དཀར་པོའི་སྐབས་གསར་བའི་གྲོས་ཁང་ཞོལ་མའི་འདེམ་བསྐོ་དེ་ད་ལོའི་ཟླ་གིས་པའི་ཚེས་ཉེར་ལྔ་ཉིན་སྤེལ་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།