དབྱི་སི་རལ་དམག་དཔུང་གིས་ཞི་ཧྥ་སྨན་ཁང་གི་དམག་དོན་བྱ་སྤྱོད་དེ་ཕ་ཁི་སི་ཐན་གྱི་དྲག་ཆས་མི་སྣ་ཚང་མ་འཛིན་བཟུང་བྱེད་ཐུབ་རྗེས་གཞི་ནས་མཚམས་འཇོག་རྒྱུ་ཡིན་ཟེར།
2024.03.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ3པའི་ཚེས23ཉིན། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་དམག་འཁྲུག་གི་གནས་ཚུལ་ཁྱབ་སྒྲོག་བྱས་ནས་བཤད་རྒྱུར། ཅཱ་ཧྲ་གྲོང་ཁྱེར་ཞི་ཧྥ་སྨན་ཁང་དུ་ཡོད་པའི་ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་ཚང་མ་འཛིན་བཟུང་བྱས་པ་ཡིན་ན། གཞི་ནས་དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་སྨན་ཁང་ཆེ་ཤོས་དེར་དམག་དོན་བྱ་སྤྱོད་སྤེལ་མཚམས་འཇོག་རྒྱུ་ཡིན་ཞེས་བཤད།

བརྡ་ཁྱབ་ནང་དབྱི་སི་རལ་གྱི་རྒྱལ་སྲུང་དམག་ལྷོ་རྒྱུད་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་ཧྥན་ཁི་ཨར་མན་གྱི་སྐད་ཆ་དྲངས་ནས་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་ཞི་ཧྥ་སྨན་ཁང་དུ་སྤེལ་བཞིན་པའི་དམག་དོན་བྱ་སྤྱོད་དེ“གལ་ཆེ་ལ་རྙོག་འཛིང་ཆེ་བ”ཞིག་ཡིན་ཞིང་། དབྱི་སི་རལ་དམག་དཔུང་གིས་ད་ཐེངས་དམག་དོན་བྱ་སྤྱོད་མུ་མཐུད་སྤེལ་བཞིན་ཡོད། ཕ་ཁི་སི་ཐན་གྱི་དྲག་ཆས་མི་སྣ་ཚང་མ་ཤི་ཡོད་ནའང་ཆོག  གསོན་ཡང་རུང་། གཅིག་ཀྱང་མ་ལུས་པར་དབྱི་སི་རལ་དམག་དཔུང་གིས་འཛིན་བཟུང་ཐུབ་པ་བྱུང་ན། གཞི་ནས་དབྱི་སི་རལ་དམག་དཔུང་གིས་ཞིས་ཧྥ་སྨན་ཁང་དུ་སྤེལ་བཞིན་པའི་དམག་དོན་བྱ་སྤྱོད་སྤེལ་མཚམས་འཇོག་རྒྱུ་ཡིན་ཟེར།

ཉིན་དེའི་སྔ་དྲོར་དབྱི་སི་རལ་དམག་དཔུང་གིས་ཞི་ཧྥ་སྨན་ཁང་དུ་སྤེལ་བའི་དམག་དོན་བྱ་སྤྱོད་ཁྲོད། དབྱི་སི་རལ་དམག་དཔུང་གིས་ཕ་ཁི་སི་ཐན་གྱི་དྲག་ཆས་མི་སྣ170ལྷག་བསད་པ་དང་། དོགས་ཡོད་ཉེས་ཅན800ལྷག་འཛིན་བཟུང་བྱས་ཡོད། དེ་མིན་ད་དུང་དབྱི་སི་རལ་དམག་དཔུང་གིས་སྨན་ཁང་དེའི་ནང་ནས་ཕ་ཁི་སི་ཐན་གྱི་དྲག་ཆས་རྩ་འཛུགས་ཀྱི་མཚོན་ཆ་དང་སྒྲིག་ཆས་གང་མང་རྙེད་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།