མར་ཐཱའི་གྲོས་ཁང་གིས་ཏི་པའོ་ནོའུ་ཡིས་ཙུང་ཐུང་གསར་བའི་འགན་ཁུར་བར་ཆོག་མཆན་བཀོད།
2024.03.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

མར་ཐཱའི་གྲོས་ཁང་གིས་ཚེས་ཉེར་བདུན་ཉིན་འདེམ་ཤོག་འཕངས་ནས་ཏི་པའོ་ནོའུ་ཡིས་སྐབས་རྗེས་མའི་ཙུང་ཐུང་གི་འགན་ཁུར་བར་ཆོག་མཆན་བཀོད།

མར་ཐཱའི་གྲོས་ཁང་གིས་ཉིན་དེར་ཙུང་ལི་ཨ་པེ་ལཱ་ཡིས་མིང་འདོན་བྱས་ཤིང་ངོ་རྒོལ་ཏང་གི་གཙོ་འཛིན་ཀི་ལོས་ཆི་ཡིས་དེར་ཡར་གཏོགས་བྱས་པའི་ཏི་པའོ་ནོའུ་ཡིས་སྐབས་རྗེས་མའི་ཙུང་ཐུང་གི་འགན་ཁུར་བའི་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་འདེམ་ཤོག་འཕངས། མར་ཐཱའི་གྲོས་ཁང་ལ་བསྡོམས་པས་གྲོས་མི་དོན་དགུ་ཡོད་པ་དང་། ཉིན་དེར་གྲོས་མི་བཞི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་མེད། ཏི་པའོ་ནོའུ་ལ་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་པའི་གྲོས་མི་དོན་ལྔ་གཅིག་གྱུར་ཡིད་འཐད་བྱུང་བ་རེད། མར་ཐཱའི་རྩ་ཁྲིམས་ལྟར་ན། ཙུང་ཐུང་གསར་བ་བསྐོ་འཇོག་བྱེད་པར་ངེས་པར་དུ་སུམ་ཆའི་གཉིས་ཡིད་འཐད་བྱུང་དགོས་པ་རེད།

ཏི་པའོ་ནོའུ་ཡིས་ཟླ་བཞི་བའི་ཚེས་བཞི་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར་ནས། ཙུང་ཐུང་གི་འགན་ཡུན་ལོངས་པའི་ཝེ་ལཱའི་ཚབ་ཏུ་འགན་ཁུར་རྒྱུ་རེད། ཏི་པའོ་ནོའུ་ནི་མར་ཐཱའི་ཙུང་ཐུང་སྐབས་བཅུ་གཅིག་པ་ཡིན་ལ། ཁོའི་འགན་ཡུན་ལོ་ངོ་ལྔ་རེད། ཁོ་མོ་ཡང་མར་ཐཱའི་ལོ་རྒྱུས་སྟེང་གི་བུད་མེད་ཙུང་ཐུང་གསུམ་པ་རེད།

ཏི་པའོ་ནོའུ་ད་ལོར་ལོ་དོན་གཅིག་ཡིན་པ་དང་། གཅིག་སྟོང་དགུ་བརྒྱ་གོ་དྲུག་ལོ་ནས་གཅིག་སྟོང་དགུ་བརྒྱ་གོ་བརྒྱད་ལོའི་བར་མར་ཐཱའི་གྲོས་དཔོན་གཡི་འགན་ཁུར་བ་ཡིན་ལ། མར་ཐཱའི་བུད་མེད་གྲོས་དཔོན་ཐོག་མ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།