ལཱ་ཐའོ་ཝེ་ཡཱ་ཡིས་ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་གཅིག་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས།
2024.03.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ལཱ་ཐའོ་ཝེ་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བདུན་ཉིན་ལཱ་ཐའོ་ཝེ་ཡཱ་རུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་གི་ཕྱི་འབྲེལ་དཔོན་པོ་གཅིག་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས་པར་མ་ཟད་ཁོ་རང་དུས་བཅད་ནང་ལཱ་ཐའོ་ཝེ་ཡཱའི་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན།

ལཱ་ཐའོ་ཝེ་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ལཱ་ཐའོ་ཝེ་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་ལཱ་ཐའོ་ཝེ་ཡཱ་རུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཚབ་མར་ཐུག་འཕྲད་བྱས་པ་དང་། ཨུ་རུ་སིའི་གཞུང་ཚབ་ཁང་གིས་དུས་ཡུན་རིང་བོར་དང་ལེན་བྱེད་ཐབས་མེད་ལ་དཀྲུག་འཕེན་རང་བཞིན་ལྡན་པའི་མངོན་གསལ་དྲིལ་སྒྲོག་བྱས་པར་ངོ་རྒོལ་བྱས་པར་མ་ཟད། གཞུང་ཚབ་ཁང་དེའི་ཕྱི་འབྲེལ་དཔོན་པོ་གཅིག་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས་པ་དང་། ཁོ་རང་ཆེས་འགོར་ན་ཟླ་བཞི་བའི་ཚེས་བཅུ་ཉིན་ལཱ་ཐའོ་ཝེ་ཡཱ་དང་འབྲལ་དགོས་པའི་རེ་བ་བཏོན།

ཨུ་རུ་སིའི་ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། ལཱ་ཐའོ་ཝེ་ཡཱ་ཡིས་ཨུ་རུ་སིའི་ཕྱི་འབྲེལ་མི་སྣ་གཅིག་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས་པའི་དོན་དེའི་ཐད་ནས་ཨུ་རུ་སི་ཡིས་དགོས་ངེས་ཀྱི་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།