ཨུ་རུ་སིའི་ནུབ་ཕྱོགས་ས་ཁུལ་དུ་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་མེ་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི8རྐྱེན་ལམ་དུ་ཤོར།
2024.04.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ནུབ་ཕྱོགས་ཀྱི་ཡཱ་ལོ་སི་ལཱ་ཧྥུའུ་ཨར་མངའ་སྡེ་རུ་ཟླ4པའི་ཚེས་1ཉིན་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་མེ་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི་བརྒྱད་རྐྱེན་ལམ་དུ་ཤོར་ཟེར།

བསྒྲགས་པ་ལྟར་ན། ས་དེའི་ཕྱི་དྲོའི་ཆུ་ཚོད2དང་སྐར་མ40སྟེང་། ཡཱ་ལོ་སི་ལཱ་ཧྥུའུ་ཨར་མངའ་སྡེའི་པེ་ལེན་ཅེ་ཡེ་བོ་སྡེ་བར། འགྲུལ་སྐྱེལ་རླངས་འཁོར་ཞིག་དང་མེ་འཁོར་ཞིག་བཀག་སྡོམ་ཡོད་པའི་ལྕགས་ལམ་དང་གཞུང་ལམ་གྱི་འདྲེས་མདོ་ནས་ཐོ་བརྒྱབ་པ་རེད། འགྲིམ་འགྲུལ་སྡེ་ཁག་གིས་བསྟན་དོན། འགྲུལ་སྐྱེལ་རླངས་འཁོར་དེར་ཆག་སྐྱོན་བྱུང་བའི་དབང་གིས་ལྕགས་ལམ་སྟེང་ནས་བསྡད་པ་དང་། ཁ་གཏད་ནས་ཡོང་བའི་མེ་འཁོར་གྱིས་འགག་ཟྭ་བསྡམ་ཡང་ཐོ་བརྒྱབ་པ་རེད། ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་བསྒྲགས་པ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་སྟེང་ནས་མི8རྐྱེན་ལམ་དུ་ཤོར་བ་དང་། རྒུད་སྐྱོབ་མི་སྣ་ཡུལ་དངོས་སུ་འབྱོར་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།