ཨུ་རུ་སིའི་ཡོན་ཏུང་གཏེར་ཁྲོན་བརྡིབས་པའི་དོན་རྐྱེན་ལས་མི13རྐྱེན་ལམ་དུ་ཤོར།
2024.04.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཡོན་ཏུང་ས་ཁུལ་གྱི་ཨ་མུའུ་ཨར་མངའ་སྡེའི་གཏེར་ཁྲོན་བརྡིབས་པའི་རྒུད་སྐྱོབ་བྱ་བ་ཟླ4པའི་ཚེས1ཉིན་མཇུག་བསྒྲིལ་བ་དང་། དོན་རྐྱེན་དེ་ལས་གཏེར་འདོན་བཟོ་པ13རྐྱེན་ལམ་དུ་ཤོར་ཟེར།

གཏེར་ཁྲོན་དབང་བའི་གཏེར་ལས་ཀུང་ཟིས་བསྒྲགས་པ་ལྟར་ན། གཏེར་འདོན་མཇུག་འབྲས་ལས་མངོན་པ་ལྟར་ན། རྒུད་སྐྱོབ་བརྒྱུད་རིམ་ཁྲོད་བྲག་ངོས་ཡང་བསྐྱར་བརྡིབ་སྲིད་པ་དང་། གཏེར་ཁྲོན་དེ་ཆུས་བསྣུབས་པའི་ཉེན་ཁ་ཡོད་པ་རེད། རྒུད་སྐྱོབ་མི་སྣའི་བདེ་འཇགས་ལ་འགན་སྲུང་བྱེད་ཐབས་མེད་པས། རྒུད་སྐྱོབ་བྱ་བ་དེ་གཟའ་འཁོར་གཉིས་འགོར་རྗེས་མཇུག་བསྒྲིལ་བ་རེད།

ཨ་མུའུ་ཨར་མངའ་སྡེའི་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱས་པ་དང་། དོན་རྐྱེན་བྱུང་སའི་གཏེར་ཁྲོན་གྱི་འགན་ཁུར་པ་བཀག་འཇུག་བྱས་ཡོད་ཟེར།

གཏེར་ཁྲོན་དེ་ཨ་མུའུ་ཨར་མངའ་སྡེའི་ཅེ་ཡཱ་ས་ཁུལ་དུ་ཡོད་ཅིང་། ཟླ3པའི་ཚེས18ཉིན་གྱི་དགོང་མོར་བརྡིབས་ནས། མི13གཏེར་ཁྲོན་ནང་ཁེགས་པ་རེད། ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་སྡེ་ཁག་དང་སྨན་བཅོས་ལས་ཁུངས་ཀྱིས་དེའི་རྗེས་སུ་རྒུད་སྐྱོབ་བྱ་བ་སྤེལ། དོན་རྐྱེན་དེའི་ཤུགས་རྐྱེན་དབང་གིས་ཨ་མུའུ་ཨར་མངའ་སྡེའི་མགོ་བ་ཨོ་ཨར་ལོ་ཧྥུའུ་ཡིས་ཚེས19ཉིན་ས་ཁུལ་དེས་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།