པའོ་ལེ་ཝེ་ཡཱ་ནས་རླངས་འཁོར་གཉིས་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།
2024.04.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

པའོ་ལེ་ཝེ་ཡཱའི་ནུབ་ཕྱོགས་ཀྱི་ཨོ་ལུའུ་ལོ་ཞིང་ཆེན་གྱི་འགྲིམ་འགྲུལ་དངང་གཞུང་ལམ་བདེ་འཇགས་སྡེ་ཁག་གི་འགན་ཁུར་བ་ལཱ་ལོས་ཡཱ་ཡིས་ཚེས་བཞི་ཉིན་བཤད་རྒྱུར། ཨོ་ལུའུ་ལོ་ཞིང་ཆེན་དང་ལྷོ་ནུབ་ཕྱོགས་ཀྱི་པའོ་ཐའོ་ཞི་ཞིང་ཆེན་གཅིག་ཏུ་སྦྲེལ་བའི་གཞུང་ལམ་སྟེང་ཉིན་དེར་སྤྱི་སྤྱོད་རླངས་འཁོར་ཆུང་བ་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

ལཱ་ལོས་ཡཱ་ཡིས་དོན་རྐྱེན་བྱུང་སའི་ཡུལ་དངོས་ནས་སྨྱན་བྱད་ལ་བཤད་རྒྱུར། པའོ་ཐའོ་ཞི་ནས་ཡོང་བའི་ཚྭ་འདྲུད་རླངས་འཁོར་ཞིག་ཁ་གཏད་ཀྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་ལ་ཐོ་བརྒྱབ། ཚོད་དཔག་བྱས་པ་ལྟར་ན། དངོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་ངལ་དུབ་ཀྱི་དབང་གིས་རླངས་འཁོར་ཁ་ལོ་བྱེད་མ་ཐུབ་པ་དང་སྔོན་གྱི་ལམ་སྟེང་དུ་ཕྱིར་ལོག་མ་ཐུབ་པར་དོན་རྐྱེན་བྱུང་བ་རེད།

ལཱ་ལོས་ཡཱ་ཡིས་རླངས་་འཁོར་ཁ་ལོ་བ་དག་གིས་སེམས་ཆུང་བྱས་ནས།གཞུང་ལམ་གྱི་བདེ་འཇགས་ཁྲིམས་སྲོལ་བརྩི་སྲུང་བྱས་ཏེ་རིགས་དེ་མཚུངས་ཀྱི་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

མིག་སྔར་མེ་གསོད་མི་སྣ་དང་ཉེན་རྟོག་པ་ཡུལ་དངོས་སུ་འབྱོར་ནས་རྒུད་སྐྱོབ་བྱེད་བཞིན་ཡོད་པ་དང་། རྨས་སྐྱོན་ལྗིད་མོ་ཕོག་པའི་མི་གཉིས་སྨན་ཁང་དུ་བསྐྱལ་ཡོད། ཨོ་ལུའུ་ལོ་ཞིང་ཆེན་གྱི་འགྲིམ་འགྲུལ་ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། མུ་མཐུད་དུ་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱས་ནས། འགན་འཁྲི་གཏན་འཁེལ་དང་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་རྒྱུ་ཡིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།