མར་ཐཱའི་ཙུང་ཐུང་གསར་བ་ཏི་པའོ་ནོ་ཡིས་ཚེས་བཞི་ཉིན་རྒྱལ་ས་ཝ་ལའེ་ཐཱ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། མར་ཐཱའི་སྐབས་བཅུ་གཅིག་པའི་ཙུང་ཐུང་དུ་གྱུར་པ་རེད།
ཏི་པའོ་ནོ་ཡིས་ཉིན་དེར་ཙུང་ཐུང་བཞུགས་ཤག་ནས་ལས་འགན་ཁུར་བའི་གཏམ་བཤད་སྤེལ་ཏེ། སྔར་ལས་ལྷག་པའི་སྒོ་ནས་འདེམ་བསྐོའི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། མར་ཐཱ་རུ་སྡོད་པའི་ཕྱི་རྒྱལ་བ་སྔར་ལས་མང་བོ་དང་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་།
མར་ཐཱའི་གྲོས་ཁང་གིས་ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་འདེམ་ཤོག་འཕངས་ནས་ཏི་པའོ་ནོ་སྐབས་གསར་བའི་ཙུང་ཐུང་དུ་ཆོག་མཆན་བཀོད་པ་དང་། ལས་འགན་བསྐྱུར་བའི་ཙུང་ཐུང་ཝེ་ལཱའི་ཚབ་ཏུ་འགན་ཁུར་རྒྱུ་རེད། ཏི་པའོ་ནོ་ད་ལོར་དགུང་ལོ་དོན་གཅིག་ཡིན་པ་དང་། སྔོན་ཆད་གཅིག་སྟོང་དགུ་བརྒྱ་གོ་དྲུག་ལོ་ནས་གཅིག་སྟོང་དགུ་བརྒྱ་གོ་བརྒྱད་ལོའི་བར་མར་ཐཱའི་གྲོས་དཔོན་གྱི་འགན་ཁུར་མྱོང་ལ། མར་ཐཱའི་བུད་མེད་གྲོས་དཔོན་ཐོག་མ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།