དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་རྒུད་སྐྱོབ་དངོས་རྫས་མང་བུ་སྐྱེལ་བར་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།
2024.04.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་བདེ་འཇགས་ནེ་ཀིས་ཚེས5ཉིན་གྱི་ཞོགས་པར་ཁྱབ་བསྒྲགས་བྱས་དོན། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་བར་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

དབྱི་སི་རལ་གྱི་བདེ་འཇགས་ནེ་ཀིས་གསལ་སྒྲོག་སྤེལ་ཏེ། རོགས་སྐྱོར་དངོས་རྫས་དག་དབྱི་སི་རལ་ལྷོ་ཕྱོགས་ཀྱི་ཨ་ཧྲི་ཏུའུ་ཏི་གྲུ་ཁ་དང་ཨེ་ལོས་ཙི་ཞིབ་བཤེར་ས་ཚིགས་བརྒྱུད་ནས་ཅཱ་ཧྲ་ས་ཁུལ་དུ་བསྐྱལ་ཆོག་པ་དང་། དབྱི་སི་རལ་གྱིས་ད་རུང་ཅོར་ཏན་ནས་ཡོང་བའི་རྒུད་སྐྱོབ་དངོས་རྫས་མང་བོ་ཁའེ་ལོས་མུའུ་ཧྲ་ལོ་མུའུ་རྒྱུ་ལམ་བརྒྱུད་དེ་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་ཆོག་མཆན་འགོད་རྒྱུ་ཡིན་ཟེར།

ཨེ་ལོས་ཙི་ཞིབ་བཤེར་ས་ཚིགས་ནི་དབྱི་སི་རལ་དང་ཅཱ་ཧྲ་ས་ཁུལ་བར་གྱི་མི་སྣ་འགྲོ་འོང་བྱེད་པའི་རྒྱུ་ལམ་གཅིག་པུ་ཡིན་ལ། དབྱི་སི་རལ་གྱི་བདེ་འཇགས་ནེ་ཀིས་གསལ་སྒྲོག་ནང་མི་སྣའི་འགྲོ་འོང་སླར་གསོ་བྱེད་མིན་གསལ་བོར་བསྒྲགས་མེད།

དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་ཚེས5ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་གོང་གི་བྱེད་ཐབས་དེ་དག་ཨ་མེ་རི་ཁ་ཕྱོགས་ཀྱིས་གནོན་ཤུགས་བྱིན་པ་ལས་བཏོན་པ་ཡིན་ཡང་སྲིད། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས4ཉིན་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་གཏོང་སྐབས་བཤད་རྒྱུར། ཨ་མེ་རི་ཁའི་ཅཱ་ཧྲའི་གནད་དོན་ཐད་ཀྱི་སྲིད་ཇུས་དེ་ཨ་མེ་རི་ཁས་དབྱི་སི་རལ་གྱིས་ཅཱ་ཧྲའི་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པར་དཔྱད་འཇོག་བྱས་པར་རག་ལས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།