ཁི་ཝེ་ཐི་ཡིས་ཡང་བསྐྱར་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ།
2024.04.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁི་ཝེ་ཐིའི་དཔོན་ཕྱོགས་འཕྲིན་གཏོང་ཁང་གིས་ཚེས5ཉིན་བསྒྲགས་པ་ལྟར་ན། ཁི་ཝེ་ཐིའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་མཇུག་འབྲས་ཁྱབ་བསྒྲགས་བྱས། གྲོས་མི50བདམས་ཐོན་བྱུང་། ཁི་ཝེ་ཐིའི་སྐབས་བཅོ་བརྒྱད་པའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ཚེས4ཉིན་སྤེལ་བ་དང་། འདེམ་སྒུག་མི་སྣ200འདེམ་བསྐོར་ཞུགས།

སྐབས་གསར་བའི་གྲོས་ཁང་གི་གྲོས་ཚོགས་ཐོག་མ་ཚེས16ཉིན་བསྡུ་རྒྱུ་ཡིན་ལ། སྐབས་ཐོག་དེར་གསར་དུ་བདམས་པའི་གྲོས་མིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་རྒྱུ་རེད།

བསྒྲགས་པ་ལྟར་ན། ཁི་ཝེ་ཐིའི་མགོ་ཁྲིད་པ་མུས་ཧྲ་ལེ་ཡིས་ཚེས5ཉིན་རྒྱལ་ཁ་ཐོབ་པའི་གྲོས་མིར་རྟེན་འབྲེལ་ཞུས་པ་དང་། ཁོ་ཚོས་མི་དམངས་ཀྱི་ཡིད་ཆེས་སྟོང་ཟད་དུ་མི་གཏོང་བར་ནན་ཏན་གྱིས་འགན་འཁྲི་ལག་བསྟར་བྱས་ནས། རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།

ཁི་ཝེ་ཐིའི་རྒྱལ་དམངས་གྲོས་ཁང་དེ1963ལོར་བཙུགས་པ་དང་། གླིང་གཅིག་ལམ་ལུགས་ཅན་ཡིན་ལ། འདེམ་བསྐོ་ལས་བདམས་པའི་གྲོས་མི50དང་ནེ་ཀིའི་ཁོངས་མི་གཅིག་ནས་གཉིས་ཀྱིས་གྲུབ་ཡོད་ལ། སྐབས་རེའི་འགན་ཡུན་ལོ་ངོ4རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།