སེ་ར་ལེ་ཨོང་གིས་རྒྱལ་ཡོངས་ནས་སྤྱི་བའི་འཕྲོད་བསྟེན་གྱི་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
2024.04.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སེ་ར་ལེ་ཨོང་གི་ཙུང་ཐུང་པུས་ཨོ་ཡིས་ཚེས4ཉིན་གྱི་དགོང་མོར་ཁྱབ་བསྒྲགས་བྱས་དོན། དུག་རྫས་དང་སྨན་རྫས་གང་འདོད་དུ་བཀོལ་བའི་དབང་གིས་སེ་ར་ལེ་ཨོང་རྒྱལ་ཡོངས་ནས་སྤྱི་བའི་འཕྲོད་བསྟེན་གྱི་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཡིན་ཟེར་ཡང་། པུས་ཨོ་ཡིས་དོགས་ཟོན་མཐོར་འདེགས་ཀྱི་སྣང་ཚུལ་དེའི་ཡུན་ཚད་ཅི་འདྲ་ཡིན་པ་གླེང་མེད།

པུས་ཨོ་ཡིས་ཉིན་དེའི་དགོང་མོར་བརྙན་འཕྲིན་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། འདྲེས་སྦྱོར་དུག་རྫས་ལོངས་སུ་སྤྱོད་པའི་སེ་ར་ལེ་ཨོང་གི་ན་གཞོན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། དུག་རྫས་ཁ་དར་བ་ལས་ན་གཞོན་ཁྲི་སྟོང་མང་བོའི་འཚོ་བར་རྡོག་བརྫིས་བཏང་ཡོད་ལ། ཚེ་སྲོག་ལ་གནོད་པ་བཟོ་བའི་དུག་རྫས་དེར་གྲལ་རིམ་དང་རིགས་རྒྱུད། ཕོ་མོ། ཆོས་ལུགས་བཅས་ཀྱི་ཁྱད་པར་མེད་པ་དང་། ང་ཚོའི་སྡེ་ཁུལ་དུ་རྨེག་མེད་རང་བཞིན་གྱི་གནོད་པ་བཟོས་ནས་ཁྱིམ་ཚང་དག་ཁ་ཐོར་དུ་བཏང་བར་མ་ཟད་རྒྱལ་ཁབ་ཀྱི་མ་འོངས་པའི་གདུང་འདེགས་མཁན་མེད་པར་བཏང་ཡོད་ཟེར།

པུས་ཨོ་ཡིས་བསྟན་དོན། རྒྱལ་ཡོངས་ཀྱི་སྤྱི་བའི་འཕྲོད་བསྟེན་གྱི་དོགས་ཟོན་མཐོར་འདེགས་གཏོང་རྒྱུ་ཁྱབ་བསྒྲགས་བྱས་པ་ལས་སྲིད་གཞུང་གིས་དུག་རྫས་ལ་ཆམ་ཕབ་གཏོང་བའི་ཆོད་སེམས་མངོན་པར་མཚོན་ཡོད་པ་དང་། སེ་ར་་ལེ་ཨོང་གིས་རྒྱལ་ཡོངས་ནས་དུག་རྫས་དང་སྨན་རྫས་་གང་འདོད་དུ་བཀོལ་བར་ཆམ་ཕབ་གཏོང་བའི་བྱ་བའི་ཚན་ཆུང་གི་མགོ་ཁྲིད་འོག་ཉམས་ཉེན་དེ་ཐག་གཅོད་གང་ལེགས་བྱེད་རྒྱུ་ཡིན་ཟེར། ཁོས་མི་དམངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་སྒོས་བློ་སྤོབས་དང་ཆོད་སེམས་བཅངས་ནས་རབས་རྗེས་མར་དུག་རྫས་མེད་པའི་མ་འོངས་པ་འཛུགས་སྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།