དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གིས་དབྱི་སི་རལ་གྱི་འཇབ་རྒོལ་ལ་ངེས་པར་དུ་རྒོལ་ལན་སྤྲོད་རྒྱུའི་ཚུལ་བསྟན།
2024.04.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གིས་ཚེས6ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ལ་འཇབ་རྒོལ་བྱས་པར་ངེས་པར་དུ་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གིས་དབྱི་ལིང་གི་རྒྱལ་དམངས་ལ་ཁས་ལེན་བྱས་དོན། དབྱི་སི་རལ་གྱིས་འཇིགས་སྐུལ་འཇབ་རྒོལ་བཟོས་པའི་ཐད་ནས་དེར་ཆད་གཅོད་ནན་མོ་བྱེད་སྲིད་པ་ཁོ་ཐག་ཡིན་ཟེར།

དབྱི་ལིང་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་མུའུ་ཧན་མའོ་ཏི་ཧི་སེ་དབྱིན་པཱ་ཀའེ་ལི་ཡིས་ཉིན་དེར་བསྟན་དོན། འོས་འཚམ་གྱི་དུས་སུ་འཁོན་ལན་སློག་པའི་འགུལ་སྐྱོད་སྤེལ་ནས་དགྲ་བོར་གནོད་པ་ཆེན་པོ་བཟོས་ཏེ། དབྱི་སི་རལ་གྱིས་རང་ཉིད་ཀྱི་བྱ་སྤྱོད་དེར་བློ་འགྱོད་སྐྱེས་སུ་འཇུག་རྒྱུ་ཡིན་ཟེར།

དབྱི་ལིང་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། པཱ་ཀའེ་ལི་ཡིས་ཚེས6ཉིན་དབྱི་སི་ཧྥ་ཧན་དུ་འཇབ་རྒོལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་ཁོངས་སུ་གཏོགས་པའི་ལྷ་མཁར་སྟོང་ཤོག་གི་མཐོ་རིམ་བཀོད་འདོམ་དཔོན་པོ་ཀྲ་ཧི་ཏིས་ཀྱི་དུར་འཇུག་མཛད་སྒོར་ཞུགས་སྐབས་གཏམ་བཤད་སྤེལ་ཏེ་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་ད་རུང་ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྱང་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་འགན་ཁུར་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།