དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་བརྒྱད་ཉིན་གྱི་དགོང་མོར་བརྙན་རིས་གཏམ་བཤད་སྤེལ་ཏེ། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དུ་དཔུང་འཇུག་བྱེད་པར་དུས་ཚོད་ངེས་ཅན་ཡོད་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བསྟནདོན། སྐོར་ཐེངས་འདིའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཁྲོད་རྒྱལ་ཁ་ལོན་ཆེད། དབྱི་སི་རལ་གྱི་དམག་དཔུང་ལཱ་ཧྥ་གྲོང་ཁྱེར་དུ་འགྲོ་དགོས་པ་དང་། དེར་དུས་ཚོད་ངེས་གཏན་ཡོད་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་་ཡིས་ད་རུང་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་རུ་སྤེལ་བཞིན་པའི་སྐོར་ཐེངས་གསར་བའི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་གྱི་བྱེ་བྲག་གི་སྙན་ཞུ་འབྱོར་ཡོད་ཟེར། ཨེ་ཅིབ་ཀྱི་སྨྱན་བྱད་ཀྱིས་ཚེས་བརྒྱད་ཉིན་གྱི་ཞོགས་པར་བསྒྲགས་པ་ལྟར་ན། གྲོས་མོལ་དེར་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ལ། གྲོས་མོལ་ཕྱོགས་ཁག་ཚང་མས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་གཞི་རྩའི་གནད་དོན་ལ་གཅིག་གྱུར་གྲོས་འཆམ་བྱུང་ཡོད་ཟེར།
དབྱི་སི་རལ་གྱི་སྐབས་དོན་ཚགས་པར་གྱིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་ཅཱ་ལན་ཐི་ཡིས་ཉིན་དེར་གསར་དུ་བསྡུ་ལེན་བྱས་པའི་དབྱི་སི་རལ་གྱི་དམག་མིར་བསྟན་དོན། ཁོས་བལྟས་ན་དབྱི་སི་རལ་འོས་འཚམ་གྱི་དུས་སྐབས་ཤིག་ཏུ་གནས་ཡོད་པས། ཅཱ་ཧྲ་ས་ཁུལ་དུ་བཀག་འཇུག་ཐེབས་པའི་མི་སྣར་ཕྱིར་གཏོང་དུ་བཅུག་ཆོག་ཀྱང་། དཀའ་ཚེགས་ཆེ་བའི་ཆོད་དོན་སྤེལ་དགོས་པར་མ་ཟད་ཕྱོགས་གཞན་པ་ངེས་པར་དུ་ཡིད་འཐད་འབྱུང་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།