འཁྱག་གླིང་རྒྱལ་ཁབ་རྒྱང་སྒྲོག་ཀུང་ཟིས་ཚེས་དགུ་ཉིན་བསྒྲགས་པ་ལྟར་ན། འཁྱག་གླིང་སྒེར་ཚུགས་ཏང་གི་ཀྲུའུ་ཞི་པེ་ནེ་ཏིས་ཁི་སུང་གིས་འཁྱག་གླིང་གི་ཙུང་ལི་གསར་བའི་འགན་ཁུར་ནས། ཉེ་སྔོན་ཙུང་ལིའི་ལས་འགན་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པའི་ཡཱ་ཀི་པུའུ་སི་ཏའོ་ཏིས་ཨར་གྱི་ཚབ་ཏུ་འགན་ཁུར་རྒྱུ་རེད་ཟེར།
ཉིན་དེར་འཁྱག་གླིང་སྒེར་ཚུགས་ཏང་དང་གཡོན་ཕྱོགས་ལྗང་མདོག་ལས་འགུལ་དང་གོང་འཕེལ་ཏང་གིས་གྲུབ་པའི་སྲིད་འཛིན་མནའ་འབྲེལ་གྱིས་རྒྱལ་ས་ལོས་ཁི་ཡཱ་ཝེ་ཁི་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། སྲིད་གཞུང་གསར་བའི་རྩ་འཛུགས་ཐད་གྲོས་མཐུན་བྱུང་བ་ཁྱབ་བསྒྲགས་བྱས། སྲིད་གཞུང་གསར་བའི་ནང་། པེ་ནེ་ཏིས་ཁི་སུང་གིས་ཙུང་ལིའི་འགན་ཁུར་བ་ལས་གཞན། གོང་འཕེལ་ཏང་གི་ཀྲུའུ་ཞི་ཡའོ་ཧན་སུང་གིས་ནོར་སྲིད་བློན་ཆེན་གྱི་འགན་ཁུར་རྒྱུ་ཡིན་པ་དང་། གཡོན་ཕྱོགས་ལྗང་མདོག་ལས་འགུལ་གྱི་སི་ཝ་ཝ་ཨར་སི་ཏའོ་ཏིས་ཨར་གྱིས་རྨང་གཞིའི་སྒྲིག་ཆས་བློན་ཆེན་གྱི་འགན་ཁུར་རྒྱུ་ཡིན་ལ། སྒེར་ཚུགས་ཏང་གི་ཅི་ཨར་ཧྥ་ཏའོ་ཏིས་ཨར་གྱིས་ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར་རྒྱུ་རེད།
ད་ལོའི་ལོ་ང་བཞི་ཡིན་པའི་པེ་ནེ་ཏིས་ཁི་སུང་གིས་ད་ལྟ་འཁྱག་གླིང་གི་ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར་ཡོད། ཁོས་སྔོན་ཆད་ཉིས་སྟོང་བཅུ་བདུན་ལོར་འཁྱག་གླིང་གི་ཙུང་ལིའི་འགན་ཁུར་མྱོང་བ་དང་། ཉིས་སྟོང་དགུ་ལོའི་ཚུན་ལ་འཁྱག་གླིང་སྒེར་ཚུགས་ཏང་གི་མགོ་ཁྲིད་པའི་འགན་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།