ཨུ་རུ་སིའི་ཧཱ་པཱ་ལོ་ཧྥུའུ་སི་ཁི་གྲོང་ཁྱེར་གྱིས་ས་ཁུལ་བྱེ་བྲག་པའི་བྲེལ་མྱུར་དོགས་ཟོན་བྱེད་ཐབས་མེད་པར་གཏོང་རྒྱུའི་ཐག་བཅད།
2024.04.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ཨུ་རུ་སིའི་ཡོན་ཏུང་གི་ཧཱ་པཱ་ལོ་ཧྥུའུ་སི་ཁི་གྲོང་ཁྱེར་གྱི་ཧྲི་ཀྲང་ཁི་ལཱ་ཧྥུའུ་ཁྱིག་ཁི་ཡིས་ཚེས་དགུ་ཉིན་བཀའ་རྒྱ་བཀོད་དེ། ཚེས་བཅུ་ཉིན་ནས་བཟུང་ས་ཁུལ་བྱེ་བྲག་པར་འགྱེད་འཕྲོ་དམིགས་ཚད་ལས་བརྒལ་བའི་དབང་གིས་ལག་བསྟར་བྱས་པའི་བྲེལ་མྱུར་དོགས་ཟོན་བྱེད་ཐབས་མེད་པར་གཏོང་རྒྱུ་ཁྱབ་བསྒྲགས་བྱས།

ཧཱ་པཱ་ལོ་ཧྥུའུ་སི་ཁི་གྲོང་ཁྱེར་སྲིད་གཞུང་གིས་ཚེས་ལྔ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། གྲོང་ཁྱེར་དེའི་བཟོ་ལས་ས་ཁུལ་སུའུ་བོ་ལོ་ཧྥུའུ་སྲང་ལམ་དང་ཞི་ཏའོ་ལེན་ཁི་སྲང་ལམ་གྱི་འགྱེད་འཕྲོའི་དམིགས་ཚད་ལས་བརྒལ་ཡོད་པའི་དབང་གིས་གོང་གི་ས་ཁུལ་དེར་བྲེལ་མྱུར་དོགས་ཟོན་བྱེད་ཐབས་ལག་བསྟར་བྱས་པ་ཡིན་ར།

རྒྱུས་ལོན་བྱུང་བ་ལྟར་ན། ས་དེའི་འབྲེལ་ཡོད་སྡེ་ཁག་གིས་གནས་ཚུལ་ཤེས་རྗེས་བྲེལ་མྱུར་བྱ་སྤྱོད་སྤེལ་ནས་ཉེ་འཁོར་གྱི་སྲང་ལམ་བཀག་སྡོམ་བྱས་པ་དང་། འགྱེད་འཕྲོའི་འབྱུང་ཁུངས་ལ་རྗེས་འདེད་དང་བཀག་སྡོམ་སོགས་བྱས་པར་མ་ཟད། ཆེད་ལས་ལས་ཁུངས་ཀྱིས་གསལ་འབྱེད་དབྱེ་ཞིབ་བྱེད་པར་མངག་བཅོལ་བྱས། ཆེད་ལས་ལས་ཁུངས་ཀྱིས་ཚད་འཇལ་བྱས་རྗེས་གཏན་འཁེལ་བྱས་དོན། འགྱེད་འཕྲོའི་འབྱུང་ཁུངས་སྤོ་བསྒྱུར་རྣམ་པས་ལྷུ་ལག་འཚོལ་ཞིབ་བྱས་ན། འབར་ཞུན་གྱི་སྒམ་ཆུང་གི་ཆེ་ཆུང་ཙམ་ཡིན་པ་དང་། འབྲེལ་ཡོད་དཔྱད་ཆས་འཁོར་སྐྱོད་བྱེད་སྐབས་ལྷུང་བ་ཡིན་སྲིད། འགྱེད་འཕྲོའི་འབྱུང་ཁུངས་གཙང་སེལ་བྱས་རྗེས། འབྲེལ་ཡོད་ས་ཁུལ་གྱི་འགྱེད་འཕྲོའི་ཚད་དེ་མྱུར་མོར་རྒྱུན་ལྡན་དུ་གྱུར་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།