ཨུ་རུ་སི་ཡིས་ཨན་ཅཱ་ལཱ-A5རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ལྗིད་གྲས་བདེ་བླག་ངང་གཏོང་འཕེན་བྱས།
2024.04.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཨུ་རུ་སིའི་རྒྱལ་ཁབ་མཁའ་འགྲུལ་སྡེ་ཚོགས་ཀྱིས་ཚེས་བཅུ་གཅིག་ཉིན་དཔོན་ཕྱོགས་དྲ་ཚིགས་སུ་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སི་ཡིས་ཉིན་དེར་ཨན་ཅཱ་ལཱ-A5རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ལྗིད་གྲས་བདེ་བླག་ངང་གཏོང་འཕེན་བྱས།

བསྒྲགས་པ་ལྟར་ན། མའོ་སི་ཁོ་ཡི་ཚེས་བཅུ་གཅིག་ཉིན་གྱི་དུས་ཚོད་བཅུ་གཉིས་ཉིན། ཨན་ཅཱ་ལཱ-A5རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ལྗིད་གྲས་དེ་ཨུ་རུ་སིའི་ཡོན་ཏུང་ས་ཁུལ་གྱི་ཨ་མུའུ་ཨར་མངའ་སྡེའི་མཁའ་འགྲུལ་གཏོང་འཕེན་བྱེད་ས་ནས་བར་སྣང་དུ་བཏང་བ་དང་། སྐར་མ་བཅུ་གཉིས་ཙམ་གྱི་རྗེས་སུ། ཐེག་ཚད་ངེས་ཅན་ལྡན་པའི་རྔོན་པའི་ཁྱིམ་གྱི་རྩེ་སྣེ་དེ་བདེ་བླག་ངང་མེ་ཤུགས་འཕུར་མདའ་དང་གྱེས།

ཨན་ཅཱ་ལཱ-A5རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དེ་ཟླ་བཞི་བའི་ཚེས་དགུ་ཉིན་གཏོང་འཕེན་བྱེད་རྒྱུར་གཏན་འཁེལ་བྱས་ཡོད་ཀྱང་། དབྱང་འགྱུར་གནོན་ཤུགས་མ་ལག་ལ་ཆག་སྐྱོན་བྱུང་བའི་དབང་གིས་གཏོང་འཕེན་མ་བྱས་གོང་རྩིས་མེད་དུ་བཏང་བ་དང་། ཚེས་བཅུ་ཉིན་གཏོང་འཕེན་བྱེད་པར་ཕྱིར་བསྣུར་བྱས། ཚེས་བཅུ་ཉིན་སྒུལ་འཁོར་ཚོད་འཛིན་མ་ལག་ལ་ཆག་སྐྱོན་བྱུང་བའི་དབང་གིས་གཏོང་འཕེན་བྱེད་པའི་དུས་ཚོད་ལ་བསླེབ་ལ་ཉེ་བའི་སྐར་མ་གཉིས་ཀྱི་སྔོན་ལ་ཡང་བསྐྱར་རྩིས་མེད་དུ་བཏང་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།