ཨུ་རུ་སི་ཡིས་གླིང་ཆེན་བར་གྱི་འཕུར་མདའ་ཞིག་གཏོང་འཕེན་ཚོད་ལྟ་བྱས།
2024.04.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེར་བདེ་བླག་ངང་སྒུལ་འཁོར་ཅན་གྱི་སྐམ་སའི་རྟེན་གཞིའི་གླིང་ཆེན་བར་གྱི་འཕུར་མདའ་ཞིག་གཏོང་འཕེན་ཚོད་ལྟ་བྱས་པ་དང་། མཇུག་འབྲས་ལས་ཨུ་རུ་སིའི་འཕུར་མདའི་རྒྱལ་ཁབ་ཀྱི་འཐབ་ཇུས་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐད་ཀྱི་བློ་གཏད་རང་བཞིན་དྲག་པོ་བདེན་དཔང་བྱས་ཡོད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་དྲ་ཚིགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་འཐབ་ཇུས་འཕུར་མདའི་དམག་དཔུང་གིས་ཚེས་བཅུ་གཉིས་ཉིན་ཨུ་རུ་སིའི་ལྷོ་ནུབ་ཕྱོགས་ཀྱི་ཨ་སི་ཐི་ལཱ་ཧན་མངའ་སྡེའི་ཁཱ་ཕུའུ་སི་ཅིང་ཡཱ་ཨར་འཕུར་མདའི་གཏོང་འཕེན་ར་བ་ནས་སྒུལ་འཁོར་ཅན་གྱི་སྐམ་སའི་རྟེན་གཞིའི་གླིང་ཆེན་བར་གྱི་འཕུར་མདའ་ཞིག་གཏོང་འཕེན་ཚོད་ལྟ་བྱས་པར་ལེགས་འགྲུབ་བྱུང་།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། ཐེངས་འདིའི་གཏོང་འཕེན་ནི་སྔོན་ཐོན་འཕུར་མདའི་མ་ལག་གི་རྒྱལ་ཁབ་ཚོད་ལྟའི་སྒྲོམ་གཞིའི་འོག་སྤེལ་བ་ཡིན་ལ། གཏོང་འཕེན་ལས་འགན་ལེགས་འགྲུབ་བྱུང་ཡོད་ལ། མཇུག་འབྲས་དེ་ལས་ཨུ་རུ་སིའི་འཕུར་མདའི་རྒྱལ་ཁབ་ཀྱི་འཐབ་ཇུས་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐད་ཀྱི་བློ་གཏད་རང་བཞིན་དྲག་པོ་བདེན་དཔང་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།