མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་གྱི་འཁྲུག་རྩོད་མཚམས་འཇོག་པར་མཐུན་སྦྱོར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།
2024.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས་བཅོ་ལྔ་ཉིན་སུའུ་ཏན་གྱི་དྲག་ཆས་འཁྲུག་རྩོད་བྱུང་ནས་ལོ་ངོ་གཅིག་འགོར་བའི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་གྱི་འཁྲུག་རྩོད་མཚམས་འཇོག་པར་མཐུན་སྦྱོར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་ལྔ་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། སུའུ་ཏན་གྱི་འཁྲུག་རྩོད་མཇུག་སྒྲིལ་བའི་ཐབས་ལམ་ཉག་ཅིག་ནི་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་ལ་རོགས་སྐྱོར་འདོན་སྤྲོད་བྱེད་བཞིན་ཡོད་པ་དང་། སུའུ་ཏན་གྱི་འཁྲུག་རྩོད་མཚམས་འཇོག་པར་ཡང་མཉམ་དུ་སྐུལ་འདེད་གཏོང་དགོས་ལ། མུ་མཐུད་དུ་ཕྱོགས་ཡོངས་ཀྱི་ཞི་བདེ་འཕེལ་རིམ་དར་སྤེལ་བྱས་ནས་མུ་མཐུད་དུ་སུའུ་ཏན་གྱི་དམངས་གཙོ་བར་བརྒལ་ལ་སྐུལ་འདེད་གཏོང་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། སུའུ་ཏན་ནུབ་ཕྱོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཧྥ་ཞི་ཨར་དུ་ཉེ་སྔོན་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་བར་ལྷག་ཏུ་དོགས་ཟོན་བྱེད་དགོས་ཟེར། ཁོས་ཧྥ་ཞི་ཨར་གྱི་དཔུང་འཇུག་ལས་མི་སེར་དཀྱུས་མར་ཆགས་འཇིག་རང་བཞིན་གྱི་མཇུག་འབྲས་བཟོས་ཡོད་ལ། ཏཱ་ཨར་ཧྥུའུ་ཨར་ས་ཁུལ་ཧྲིལ་བོར་རིགས་རྒྱུད་འཁྲུག་རྩོད་འབྱུང་ངེས་པའི་ཉེན་བརྡ་བཏང་། ཧྥ་ཞི་ཨར་ནི་དུས་ཡུན་རིང་བོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་གྱི་རྒུད་སྐྱོབ་ལྟེ་གནས་ཡིན་པ་དང་། ཧྥ་ཞི་ཨར་གྱི་དཔུང་འཇུག་ལས་རྒུད་སྐྱོབ་བྱ་བ་སྤེལ་ཐབས་མེད་པར་གྱུར་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།