དབྱི་ལིང་ཙུང་ཐུང་གིས་སྔར་ལས་ལྷག་པའི་སྒོ་ནས་དབྱི་ལིང་གི་ཁེ་ཕན་ལ་གནོད་སྐྱེལ་བའི་བྱ་སྤྱོད་གང་རུང་ལ་རྒོལ་ལན་དྲག་པོ་སྤྲོད་སྲིད་པའི་ཚུལ་བསྟན།
2024.04.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གི་ཙུང་ཐུང་ལའེ་ཞི་ཡིས་ཉིན་དེར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་གཏོང་སྐབས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་དབྱི་ལིང་གི་ཁེ་ཕན་ལ་གནོད་སྐྱེལ་བའི་བྱ་སྤྱོད་གང་རུང་ལ་རྒོལ་ལན་དྲག་པོ་སྤྲོད་སྲིད་ཟེར། ལའེ་ཞི་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་དབྱི་ལིང་གི་ཕྱི་འབྲེལ་འཐུས་ཚབ་ཚོགས་པར་འཇབ་རྒོལ་བྱས་པ་དེ་མངོན་སུམ་འཛེམ་མེད་ཀྱིས་ཝེ་ཡེ་ནཱའི་ཕྱི་ཕྱོགས་འབྲེལ་བའི་ཆིངས་ཡིག་དང་བཅས་པའི་རྒྱལ་སྤྱིའི་གཏན་འཁེལ་ལ་འགལ་ཡོད་པ་དང་། དེ་ནི་འཛམ་གླིང་ཡོངས་ཀྱི་ཞི་བདེ་ཐད་ཀྱི་འཇིགས་ཉེན་ཚབས་ཆེན་ཞིག་རེད། དབྱི་ལིང་གིས་རྒོལ་ལན་སྤྲད་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་དོན་ཚན་ང་གཅིག་གཞིར་བཟུང་ཡོད་ལ། དེ་ནི་རང་སྲུང་བྱེད་ཐབས་ཤིག་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕུའུ་ཅིན་གྱིས་ཁ་པར་གཏོང་སྐབས་ཨ་མེ་རི་ཁ་དང་ནུབ་ཕྱོགས་རྒྱལ་ཁབ་རེ་འགས་དབུས་ཤར་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གཏོང་བའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་པ་དང་། དབྱི་ལིང་ནི་ས་ཁུལ་དེའི་གཏན་འཇགས་དང་བདེ་འཇགས་ཀྱི་འདེགས་ཤིང་གཙོ་བོ་ཞིག་ཡིན་པ་ནན་བཤད་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།