མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལི་པུ་ཡཱའི་གནད་དོན་གྱི་དམིགས་བསལ་འཐུས་མིས་ལས་ཁུར་དགོངས་ཞུ་བྱས།
2024.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལི་པུ་ཡཱའི་གནད་དོན་གྱི་དམིགས་བསལ་འཐུས་མིའམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་པཱ་ཏིས་ལེ་ཡིས་ཚེས་བཅུ་དྲུག་ཉིན་སྨྱན་བྱད་ལ་བསྟན་དོན། འདུམ་འགྲིག་ལ་བཀག་རྒྱ་ཐེབས་པ་སོགས་ཀྱི་དབང་གིས་ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད་ཡོད། དྲུང་ཡིག་ཆེན་མོའི་མགྲིན་ཚབ་པས་དེའི་རྗེས་སུ་འཕྲིན་ཡིག་བསྐུར་ནས་སྨྱན་བྱད་ལ་བཤད་རྒྱུར། པཱ་ཏིས་ལེ་ཡིས་ལས་ཁུར་དགོངས་ཞུ་བྱེད་པའི་སྙན་ཞུར་དྲུང་ཡིག་ཆེན་མོའི་ཆོག་མཆན་ཐོབ་ཡོད་ཟེར།

པཱ་ཏིས་ལེ་ཡིས་ཉིན་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལི་པུ་ཡཱའི་གནས་བབ་ཀྱི་སྙན་ཞུའི་ཚོགས་འདུའི་རྗེས་སུ་སྨྱན་བྱད་ལ་བཤད་རྒྱུར། ཁོས་ལི་པུ་ཡཱའི་འདུམ་འགྲིག་བྱ་བར་ངོ་རྒོལ་ཐེབས་པ་དང་ལུགས་མཐུན་མིན་པའི་རེ་བ་དང་། དེ་མིན་ལི་པུ་ཡཱའི་མི་དམངས་ཀྱི་ཁེ་ཕན་བཅས་ཀྱི་དབང་གིས་སྣང་ཆུང་བྱེད་བཞིན་ཡོད་ཟེར།

ཁོས་བསྟན་དོན། ཁོས་འབད་པ་ཆེན་པོ་བྱས་ཡོད། ཉིས་སྟོང་བཅུ་གཅིག་ལོར་བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་གིས་ལི་པུ་ཡཱ་ལ་ཐེ་གཏོགས་བྱས་པའི་ཚུན་ལ། ལི་པུ་ཡཱ་རུ་ཞི་བདེ་དང་གཏན་འཇགས་ཀྱི་རྣམ་པ་ཅི་ཡང་མེད། ཉིས་སྟོང་བཅུ་བཞི་ལོར་རྒྱལ་ཁབ་དེ་ཤར་ཕྱོགས་ཀྱི་པན་ཅཱ་ཞི་ཕྱོགས་ཁག་དང་ནུབ་ཕྱོགས་ཀྱི་ཏི་ལོས་པའོ་ལི་ཕྱོགས་ཁག་གཉིས་སུ་གྱེས་པར་མ་ཟད། ས་ཁུལ་རེ་རེར་དགྲ་རུ་ལངས་པའི་སྲིད་གཞུང་གིས་མཉམ་དུ་དོ་དམ་བྱེད་བཞིན་ཡོད་ཟེར།

པཱ་ཏིས་ལེ་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཚོགས་པས་བྱ་བ་མང་བོར་བསྒྲུབས་ཡོད་ཀྱང་གནས་བབ་སྔར་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཡིས་པཱ་ཏིས་ལེ་ཡིས་ལས་ཁུར་དགོངས་ཞུའི་སྙན་ཞུ་བཏོན་ནས་སྨྱན་བྱད་ལ་གཏམ་བཤད་སྤེལ་རྗེས་ཅང་མ་འགོར་བར་སྨྱན་བྱད་ལ་བཤད་རྒྱུར། དྲུང་ཡིག་ཆེན་མོ་ལ་པཱ་ཏིས་ལེ་ཡི་ལས་ཁུར་དགོངས་ཞུའི་སྙན་ཞུ་འབྱོར་ཡོད་པ་དང་། ཁོའི་ལས་ཁུར་དགོངས་ཞུའི་རེ་བ་དང་ལེན་བྱས་ཡོད། དྲུང་ཡིག་ཆེན་མོས་པཱ་ཏིས་ལེ་ཡིས་ལི་པུ་ཡཱའི་ཞི་བདེ་དང་གཏན་འཇགས་སླར་གསོ་བྱེད་པའི་ཐད་འབད་བརྩོན་ལྷོད་མེད་བྱས་པར་བཀའ་དྲིན་ཞུས་པ་དང་། དེའི་ཞོར་དུ་དྲུང་ཡིག་ཆེན་མོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམ་བཅའ་བསྐྱར་སྒྲོག་བྱས་ཏེ། མུ་མཐུད་དུ་ལི་པུ་ཡཱ་ཡིས་གཙོར་འཛིན་པའི་ཆབ་སྲིད་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

པཱ་ཏིས་ལེ་ཡིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དགུ་བ་ནས་བཟུང་ལས་འགན་དེ་ཁུར་བ་ཡིན་ལ། མིག་སྔར་ད་རུང་ཁོ་དུས་ནམ་ཞིག་ལ་ལས་གནས་དང་འབྲལ་རྒྱུ་ཡིན་པ་གསལ་བོར་མི་ཤེས།


བསོད་ནམས་ཚེ་རིང་གིས་བསྒྱུར།