ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་བྱ་བའི་ཚན་ཆུང་གིས་གྲོས་ཚོགས་ཐེངས་བཞི་བ་བསྡུས།
2024.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

གསར་འགོད་པའི་ཟླ་བཞི་བའི་ཚེས་བཅུ་བདུན་ཉིན་ཀྲུང་གོའི་ནོར་སྲིད་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་ནོར་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་ལེའོ་མེན་གྱིས་ཟླ་བཞི་བའི་ཚེས་བཅུ་དྲུག་ཉིན་ཨ་མེ་རི་ཁའི་ཝ་ཧྲིན་ཐོན་ནས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་དང་འཛམ་གླིང་དངུལ་ཁང་གི་དཔྱིད་ཀའི་གྲོས་ཚོགས་ལ་ཞུགས་སྐབས། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྲང་པའོ་དང་མཉམ་དུ་མགོ་འཛིན་བྱས་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་བྱ་བའི་ཚན་ཆུང་གི་གྲོས་ཚོགས་ཐེངས་བཞི་བ་བསྡུས། ཕྱོགས་གཉིས་ཀྱིས་སྣེ་ཁྲིད་པའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་དངོས་འབེབས་བྱེད་པར་དམིགས་ཏེ། འཛམ་གླིང་ཡོངས་དང་ཀྲུང་གོ་དང་ཨ་མེ་རི་ཁའི་ཆེ་མཐོང་དཔལ་འབྱོར་གནས་བབ་དང་དོ་མཉམ་འཕར་སྣོན། རྗེས་ཕྱོགས་ཀྱི་འབྲེལ་འདྲིས་བཀོད་སྒྲིག་སོགས་གྲོས་གཞིའི་ཐད་ནས་གཏིང་ཟབ་ཅིང་དོན་དངོས་དང་མཐུན་ལ། འཛུགས་སྐྲུན་རང་བཞིན་ལྡན་པའི་འབྲེལ་འདྲིས་བྱས། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁས་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་ལ་བཀག་འགོག་བྱེད་ཐབས་སྤྱད་པར་སེམས་ཁུར་བྱེད་པའི་ཚུལ་བསྟན་པར་མ་ཟད། ཐོན་ནུས་གནད་དོན་ཐད་ནས་ལན་བྱིན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འབྲེལ་འདྲིས་དང་བརྗེ་རེས་སྲུང་འཛིན་བྱེད་པར་ཡིད་འཐད་བྱུང་།


བསོད་ནམས་ཚེ་རིང་གིས་བསྒྱུར།