དབྱི་ལིང་གིས་དམག་བཙུགས་དུས་ཆེན་གྱི་དམག་གཟིགས་མཛད་སྒོ་སྤེལ།
2024.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་དམག་དཔུང་གིས་ཉིན་དེར་རྒྱལ་ཡོངས་རང་བཞིན་གྱི་དམག་གཟིགས་མཛད་སྒོ་སྤེལ་ནས། རྣམ་པ་གསར་བའི་མཚོན་ཆ་དང་སྒྲིག་ཆས་འགྲེམ་སྟོན་བྱས་པ་དང་། དམག་བཙུགས་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུས།

དབྱི་ལིང་གི་ཙུང་ཐུང་ལའེ་ཞི་དང་དབྱི་ལིང་སྲིད་གཞུང་གི་མཐོ་རིམ་དཔོན་རིགས། དམག་དཔུང་གི་ཆེས་མཐོའི་བཀོད་འདོམ་དཔོན་པོ་བཅས་རྒྱལ་ས་ཏི་ཧེ་ལན་ནས་སྤེལ་བའི་དམག་བཙུགས་དུས་ཆེན་གྱི་དམག་གཟིགས་མཛད་སྒོར་ཞུགས། དམག་གཟིགས་མཛད་སྒོའི་སྟེང་། དབྱི་ལིང་གི་སྐམ་དམག་དང་མཚོ་དམག མཁའ་དམག མཁའ་སྲུང་དམག་དཔུང་བཅས་ཀྱིས་འཕུར་མདའ་དང་ཐན་ཁི་འཁོར་ལོ། འཐབ་འཛིང་གནམ་གྲུ། ལོས་ཏཱ་མ་ལག་སོགས་སྔོན་ཐོན་གྱི་སྒྲིག་ཆས་རབ་ད་རིམ་པ་འགྲེམ་སྟོན་བྱས།

ལའེ་ཞི་ཡིས་དམག་གཟིགས་མཛད་སྒོའི་སྟེང་གཏམ་བཤད་སྤེལ་སྐབས་དབྱི་ལིང་གིས་གཟའ་འཁོར་སྔོན་མའི་གཟའ་མཇུག་ཏུ་དབྱི་སི་རལ་ལ་ཆམ་ཕབ་བཏང་བའི་གནས་ཚུལ་གླེང་བ་དང་། དབྱི་སི་རལ་གྱི་དཀྲུག་འཕེན་བྱ་སྤྱོད་གང་རུང་ལ་དབྱི་ལིང་གིས་རྒོལ་ལན་དྲག་པོ་སྤྲོད་ངེས་ཡིན་པ་བསྐྱར་སྒྲོག་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།