འབར་མས་ལོ་གསར་གྱི་སྐབས་སུ་བཙོན་མ་སྟོང་གསུམ་ལྷག་སྲོག་ཐར་ལ་བཏང་།
2024.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས་བཅུ་བདུན་ཉིན་འབར་མའི་ལོ་གསར་གྱི་ཉིན་དང་པོར། འབར་མའི་རྒྱལ་ཁབ་དོ་དམ་ཨུ་ཡོན་ལྷན་ཁང་གིས་སྲོག་ཐར་གཏོང་བའི་བཀའ་རྒྱ་སྤེལ་ནས། བཙོན་མ་སྟོང་གསུམ་ལྷག་སྲོག་ཐར་ལ་བཏང་།

འབར་མའི་རྒྱལ་ཁབ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཉིན་དེའི་སྔ་དྲོར་སྲོག་ཐར་གཏོང་བའི་བཀའ་རྒྱ་འགའ་སྤེལ་ནས། འབར་མའི་ལོ་གསར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བ་དང་མི་ཆོས་རིང་ལུགས་དང་། རྒྱལ་ཁབ་བར་གྱི་འབྲེལ་བ་སོགས་ལ་བསམ་བློ་བཏང་སྟེ། ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས་ཉེས་ཁྲིམས་ཀྱི་འབྲེལ་ཡོད་སྲོལ་ཡིག་གཞིར་བཟུང་སྟེ། རྒྱལ་ཡོངས་ཀྱི་བཙོན་ཁང་མང་བོའི་འབར་མ་རང་གི་བཙོན་མ་སྟོང་གསུམ་དང་སུམ་བརྒྱ་དང་གསུམ་སྲོག་ཐར་ལ་བཏང་བ་དང་། རྒྱལ་ཁབ་གཞན་པའི་བཙོན་མ་སོ་དྲུག་སྲོག་ཐར་ལ་བཏང་བར་མ་ཟད་ཁོ་ཚོ་འབར་མའི་མངའ་ཁོངས་ནས་མཐར་སྐྲོད་གཏོང་རྒྱུ་རེད།

ཉིས་སྟོང་ཉེར་བཞི་ལོའི་ཟླ་དང་པོའི་ཚེས་བཞི་ཉིན་འབར་མའི་རང་བཙན་ཉིན་མོ་དོན་དྲུག་པའི་སྐབས་སུ། འབར་མས་བཙོན་མ་སྟོང་དགུ་དང་བདུན་བརྒྱ་སྲོག་ཐར་ལ་བཏང་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།