རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་གཏོར་བརླག་ཐེབས་མེད་པ་ཁས་ལེན་བྱས།
2024.04.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཚེས་བཅུ་དགུ་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་གཏོར་བརླག་ཐེབས་མེད་པ་ཁས་ལེན་བྱས་པར་མ་ཟད། མུ་མཐུད་དུ་འབྲེལ་ཡོད་གནས་བབ་ལ་ལྟ་ཞིབ་ནན་མོ་བྱེད་རྒྱུའི་ཚུལ་བསྟན།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ཡིས་ཕྱོགས་སོ་སོས་ཚད་ཆེན་མོའི་སྒོ་ནས་རང་ཚོད་འཛིན་པ་སྲུང་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཉིང་རྡུལ་ནུས་པའི་སྒྲིག་ཆས་དེ་དམག་དོན་འཁྲུག་རྩོད་ཀྱི་དཔུང་འཇུག་བྱ་ཡུལ་དུ་འགྱུར་མི་རུང་བ་བསྐྱར་སྒྲོག་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།